R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༠བ-༣༩༠
[A:༡༠༠བ-༣༩༠] ཁོ་བོ་ན་སོ་རྒས་པས། ད་རང་ཕྱག་ཏུ་འཕྲོད་དཀའ་འམ་ཞེས་བཀའ་སྩལ་བ། མིའི་དབང་པོའི་ཞུ་བ། ད་རེས་ཟླ་བ་ངོ་དཀར་འཕྲལ་སྐྱིད་ཞོད་ལ་འགྲོ་བར་ཐག་བཅད། སྲི་ཐར་དང་ནང་སོ་རྣམས་པ་ཐམས་ཅད་ལ་སླེབས་པའི་འཕྲོད་བྱས་ཡོད་པས་མི་འགྲོ་ཀ་མེད་ཡོད། དིང་སང་སྟོན་དར་ལུང་དུ་རྣལ་འབྱོར་ཡན་ལག་དྲུག་ཞུ་བ་ལ་ནན་ཏན་གྱི་དམ་བཅའ་འབུལ་ཞིང། ཁྱད་པར་དར་ལུང་མཁར་གྱི་སླ་ཡེ་ལ། གསུང་ཆོས་ཞུ་མི་རྣམས་ཀྱི་མུན་ཁང་དང་། དེར་འདུས་ཀྱི་ཁྲིད་དང་ཉེན་སྐྱོང་བ་རྣམས་ལ་ངེད་ཀྱིས་མཐུན་རྐྱེན་དུ་འགྱུར་བ་དཔྱིས་ཕྱིན་པ་བྱེད་པ་ཡིན་ཞེས་གསོལ་བ་ན། སྡེ་པ་ཕྱག་གནང་བ་ཞུ་གསུང། ཕྱག་ནས་འཇུས་ཏེ་ཐོས་པའི་གཏམ་ལ་དེ་རང་སྙན། སྟོནགྱི་དུས་བསྙེལ་གསོ་འབུལ་བས་དགོངས་ཡུལ་ནས་མི་གཡེལ་བ་ཅི་ནས་ཀྱང་མཁྱེན་ཞེས་བཀའ་གནང། དེ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྙེལ་གསོ་ཕུལ་བ་ན། གསོལ་དཔོན་ལྷ་དབང་པ་ཕྱག་གཡོག་ཐིལ་མར་ཡོད་པ་ལས། ཁོང་ལ་སྡེ་པས་རྗེ་འདིས་སྦྱོར་དྲུག་མི་ཞུ་བར་གར་བབས་སུ་འཇོག་པ་མི་གནང་པ་འདུག་པས། ད་ལྟ་ནས་ལུས་གནད་ལ་སྦྱངས་ན་ཁྱད་ཡོད་དམ་གསུང་བ་ཕེབས། ཤིན་ཏུ་འོང་ཞུས་ཏེ་ཐུགས་དམ་ཐུན་བཞིའི་སྐབས་སུ་ལུས་གནད་བཅས་པ་ན། ཞབས་ངར་ལ་སྙུན་