[A:༡༠༡ན-༣༩༡] ༄༅། །དྲག་པོས་བཙེས་པའི་དོན་གྱིས། བཀྲས་སྦུག་ལྷ་རྒྱལ་བ་ལ། ངེད་རང་ཚོ་སྐྱིད་ཞོད་ལ་འགྲོ་བ་འཐེན་དགོས་པ་འདུག་པས་སྲི་ཐར་ལ་ལན་འཕྲོད་གཏོང་དགོས་ཚུལ་བཀའ་ཕེབས་པ་བཞིན། དགལ་ལྡན་པ། བཤགས་པ་སོགས་དཔོན་རིགས་རྣམས་དང། ནང་པ་སྲི་ཐར་བ་ལའང་ཕེབས་བཞུད་གནང་མི་ཐུབ་པའི་ཕོ་ཉ་གནང་བ། ནང་སོ་རྣམ་པ་སྙེ་མདར་གདན་འདྲེན་ལ་ཕེབས་པ་དང་མཇལ། ཁོང་རྣམ་པའང་ཐུགས་མྱ་ངན་གྱི་ཁང་བུར་ཆུད་ཅིང། ཐེ་ཚོམ་གྱི་ཕྱོགས་ལ་འཆང་བར་གྱུར། དེ་ནས་སྡིངས་པོ་ཆེར་སྐུ་བདེ་མཚམས་གནང་བ་བཞེད་ནའང། སྦྱོར་བའི་སྔོན་དུ་སྙིང་རྗེ་དང། །མོས་པ་དང་ནི་བཟོད་པ་དང།། དེ་དག་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། མིའི་དབང་པོ་དེ་ཉིད་ཐེག་པ་ཆེན་པོའི་རིགས་སད་དེ། གསོལ་དཔོན་ལྷ་དབང་པ་ལ། དལ་འབྱོར་གྱི་ལུས་ཐོབ་པའི་གང་ཟག་ཕལ་གྱིས་འཇུག་པར་ནུས་པའི་ལུས་གནད་སོགས་ཁོ་བོས་ཀྱང་མི་ཡོང་བའི་དོན་ཅི་ཡོད། གང་ལྟར་བྱས་ཀྱང་ཞབས་དྲུང་ཉིད་ནས་ཡལ་པོར་ནི་མི་འཇོག་པ་འདུག། ད་སྒོས་ད་རེས་རང་སྦྱོར་དྲུག་ཞུ་བ་ཡིནཔས་དེ་ཁ་སྙན་གསན་ཕུལ་གསུང་བ་ལྟར། རྗེ་དྲུང་དུའང་དེ་ནི་རྒྱུ་མཚན་ཕུལ་བ་ན། ཐོས་པའི་གཏམ་ལ་སྙན་པ་ཡིན། མ་འགྱུར་བ་ཅིག་གལ་ཆེ་