R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༡བ-༣༩༢
[A:༡༠༡བ-༣༩༢] ཞེས་བཀའ་སྩལ་ཏེ། མི་དབང་ཆེན་པོ་སྡིངས་པོ་ཆེར་ཕེབས། རྗེ་དཔོན་སློབ་ཨརྒེར་ཞག་གཉིས་པ་ཅིག་བཞུགས། དེ་དུས་དཔལ་འབྱོར་རབ་བརྟན་ནས་ཞབས་དྲུང་དུ་ཞུ་ངོ་ཕུལ་བ་ན། རྗེ་བཙུན་དམ་པ་ཁྱེད་ཉིདཀྱིས། ངེད་ཀྱི་སྡེ་པ་གཞན་སྟོང་གི་ཆོས་སྒོར་འཇུག་པའི་བཀའི་བགྲོ་བ་བསམ་པའི་ཡུལ་ལས་འདས་པ་ཞིག་ལགས་ནའང། སྡེ་པ་རྒྱུན་དུ་གསོལ་ཁྲུང་བག་མེད་བཞེས་པ་དང། ད་རེས་ཀྱང་མཉེལ་གཞིའི་བབས་དེས་ལུས་གནད་ལ་བརྟེན་པའི་མཉེལ་བབས་ཤིན་ཏུ་ལྕི་བ་ཞིག་བྱུང་ན་མཆོད་ཡོན་མཚན་ངན་གྱི་རྒྱུར་འགྲོ་བས་ཐུག་གཟེག་སྔ་དྲོན་ཆུད་པ་ཞིག་བཀའ་དྲིན་བསྐྱང་དགོས་ཞུ་བ་བཞིན་ཞུ་ལན་ཀྱང་དེ་མཐུན་ཕུལ། དེ་ནས་ཚེས་དགུ་ལ་རྗེའི་ཞལ་སྔ་ནས་ཀྱང་སྡིངས་པོ་ཆེར་ཕེབས། འབྱོར་ལྡན་གྱི་བསམ་གཏན་ཁང་བུ་ལེགས་པར་བསྒྲུབ་པའི་བཀའ་བཀོད་གནང། ཚེས་བཅུ་གཅིག་ལ་གྲེུན། གྲུབ་དཔོན། དགེ་འདུན་བསོད་ནམས་སེང་གེའི་ལོ་དུས་ཀྱི་དུས་ཆེན་ཡིན་པ་དང་སྒོ་བཏུན་བསྟུན་སྔོན་འགྲོའི་ཁྲིད་རྣམས་ལེགས་པར་བཙུགས། ཚེས་བཅུ་བདུན་ལ་ཡབ་རྗེ་ཀུན་སྤངས་སེམས་དཔའ་ཆེན་པོའི་ཟླ་མཆོད་དུས་ཆེན་དང་སྒོ་བཏུན་བསྟུན་པར་དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་ལ་རྟེན་དབང་གོང་མ་བཞིས་ཡོངས་སུ་སྨིན་པར་མཛད་དེ། དེ་ནུབ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བསྐྱེད་པའི་རིམ་པ་གསལ་འདེབས་ཙམ་དང། རྫོགས་རིམ་གྱི་ཉེར་རྟོགས་ཁྱད་པར་ཅན་