R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༣བ-༣༩༦
[A:༡༠༣བ-༣༩༦] ཞེས་འབྱུང་བ་ལྟར་རྗེ་ཉིད་ཀྱི་ཐུགས་མྱོང་ལས་བྱུང་བ་བཞིན་ངོ་སྤྲོད་པར་མཛད། ཉེར་སྒྲུབ་དང་སྒྲུབ་ཆེན་ཀྱང་ལུང་ཁྲིད་ཀྱི་ཚུལ་དུ་གསན། ལམ་དེ་རྣམས་ཀྱི་ངོ་སྤྲོད་རྒྱས་པར། ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་ངོ་སྤྲོད་ཁྱད་འཕགས་དང། ཆོས་རྗེ་ཕྱོགས་ལེགས་རྣམ་རྒྱལ་བའི་ཡན་ལག་དོན་གསལ་དང། གསང་དོན་རབ་གསལ། ལོ་ཙཱ་བའི་སྙིང་པོ་གསལ་བ་སོགས་ཀྱི་སྟེང་ནས་རྒྱས་པར་སྩལ་ཞིང། མོད་དེ་ཉིད་ནས་མཆོད་ཡོན་རྣམ་རྒྱལ་གླིང་དུ་ཕེབས་སྐུ་མཚམས་པའི་མུ་ནས། ཉིན་ཟབ་ལམ་གྱི་རྒྱབ་ཆོས་སུ་ཟབ་མོ་གཞན་སྟོང་གི་གཞུང་འཛུགས་པ་གསོལ་འདེབས་བསྟན་པ་སྤྱི་འགྲེལ། དེ་དོན་རིག་པས་བསྒྲུབས་པ་བཀའ་བསྡུ་བཞི་པ ། རྩ་འགྲེལ་དེ་ཉིད་ལུང་གིས་སྒྲུབ་པ། རི་ཆོས་ངེས་དོན་རྒྱ་མཚོ་བསྡུས་དོན་དང་བཅས་པ། དེ་ལ་དོགས་པ་གཅོད་པའི་གནས་དུ་མ་ཡོད་པ་ལས། ངོ་སྤྲོད་ཁྱད་འཕགས། འཕོ་བ་ཁྱད་འཕགས། སྨོན་ལམ་ཁྱད་འཕགས། གསོལ་འདེབས་ཁྱད་འཕགས། སྐུ་བཞིའི་གསོལ་འདེབས། རིགས་ལྡན་གསོལ་འདེབས། བསྟན་པའི་ཤག་འབྱེད་ཆེ་ཆུང། ཇོ་བོ་རི་པ་བླ་མ་དཀོན་མཆོག་གི་དྲིས་ལན། བསམ་སྡིངས་ཅོག་པུ་པ་དང་། སྒོམ་ཆེན་སངས་རིན་ལ་གདམས་པའི་གསུང་མགུར་སོགས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་དུ་མ་དང། རྗེ་གཉག་ཕུ་པས་མཛད་པའི་དུས་འཁོར་ལྷ་དགུའི་མངོན་རྟོགས། དེ་ལ་བརྟེན་པའི་དབང་གོང་མའི་