R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༤ན-༣༩༧
[A:༡༠༤ན-༣༩༧] ༄༅། །ཆོ་ག། ཐོག་མཐའ་བར་དགེའི་ཁྲིད་ཡིག། ངོ་སྤྲོད་རབ་གསལ་ཟླ་བ་རྣམས་ཀྱི་ལུང་དང། སྤྱན་རས་གཟིགས་ཀྱི་སྦྱོར་དྲུག།དཔེ་མེད་མཚོ་དང་ཉི་མ་དཔལ་ཡེ་ཤེས་ཀྱི་སྦྱོར་དྲུག་གི་རྒྱ་གཞུང་སོགས་གསན། ལམ་དེ་ཉིད་ཐུགས་ཉམས་སུ་བསྟར་བའི་འབྲས་བུ་སྦས་པའི་ཚུལ་གྱིས་ཀློང་དུ་གྱུར་པ་ལ་རྟེན། ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར། ཁྱད་པར་གཅུང་རིན་པོ་ཆེ་བྱམས་པ་གླིང་པའང་ངོ་མཚར་དུ་གྱུར་ཏེ། དེ་ཉིད་ནས་གཟུང་སྟེ། རྗེ་དྲུང་དུ་རྣལ་འབྱོར་ཡན་ལག་དྲུག་གི་ཞལ་འཕྲོས་ཞུ་འདོད་བྱུང་བ་རྣམས་ལ། ཆོས་འདིའི་བསྟན་པའི་བདག་པོ་མཁན་ཆེན་རིན་པོ་ཆེ་ཉིད་དུ་འདུག་པ་དེར་ཞུ་བ་ལེགས་ཤེས་རྣམ་པ་ཐམས་ཅད་དུ་བཀའ་གནང། གཞན་ཡང་གོང་དུ་སྨོས་པ་བཞིན་གྱི་གསུང་ཆོས་གསན་པ་མཐའ་དག་ཀྱང། ཕྱག་ཕྱིར་ཡིག་མཁན་རེ་བཞག་པའི་པོ་ཏི་ཆ་གཉིས་རེ་བསྒྲུབ་པ་ཏེ་ཆ་ཅིག། ཞབས་དྲུང་དུ་འབུལ་ཞིང། དྲ་ཆོས་རེ་ཕྱག་ཉིད་དུ་འཛིན་པར་མཛད་དོ། དེ་ནས་མི་དབང་ཆེན་པོའི་སྲས་ངག་དབང་ཀུན་དགའ་བསོད་ནམས་རྒྱལ་པོ་སྔོན་གྱི་བག་ཆགས་བཟང་པོས། ཕུར་བ་ལྷ་ཁྲའི་དབང་གསན་པར་བཞེད་དེ་སྙན་གསན་ཕུལ་བའི་ཚེ། བཀའ་ལས་ངེད་ཀྱིས་ཕུར་བའི་མངོན་དཀྱིལ་སོགས་འཛིན་མ་མྱོང་བས་འབུལ་ཐུབ་པ་ཅིག་མི་ཡོང་བ་འདྲ་ཕེབས་ནའང་། གསོལ་བ་ནན་གྱིས་བཏབ་པ་