R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༥ན-༣༩༩
[A:༡༠༥ན-༣༩༩] ༄༅། །ཀྱི་རྒྱན་ཆ་ལུགས་མཚོན་ཆ་སོགས་མི་འདྲ་བའི་ཁྱད་པར་རྣམས་སོ་སོར་ངོ་སྤྲོད་པ་གནང། གཙོ་བོ་ཁྲོ་བོ་བཅུ་སོགས་ཐམས་ཅད་ཀྱང་གཡས་འོག་མ་གཉིས་ཕུར་བུ་འདྲིལ་ཞིང། ཐམས་ཅད་ཀྱང་རྡོ་རྗེའི་གཤོག་པ་ཅན་མེ་དཔུང་འབར་བའི་དབུས་ན་བཞུགས་པ་སོགས་མ་ཚང་བ་མེད་པར་ཚིག་ལྷུག་པར་ངོ་སྤྲད་པས། ཕོ་བྲང་དེར་འཁོད་དོ་ཅོག་གི་སྐྱ་སེར་བྱིན་ངོ་མཚར་ཞིང་དད་པར་གྱུར། དེ་ནས་དབང་གི་དངོས་གཞི་མཐར་རྟེན་དབང་དོན་ངོ་སྤྲོད་དང་བཅས་པ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པའི་གསུང་རྒྱུན་ཐུན་མོང་མ་ཡིན་པ་གནང་བས། མི་དབང་ཆེན་པོ་ཁུ་དབོན་དྲུང་གི་ཐུགས་ཀྱི་བཞེས་པ་ཡོངས་སུ་གང་བར་གྱུར། འདིའི་སྙན་གསན་སྤྱན་འདྲེན་གྱི་སྔ་རོལ་དུ། སློབ་དཔོན་ཀུན་དགའ་རྒྱལ་པོའི་གསུང་ལས། ཟླ་ཅིག་ཙམ་གྱི་བར་ཕྱག་དཔེ་གཟིགས་དགོས་གསུང་བ་ལ། བདག་གིས། རྗེ་དྲུང་འདི་ཉིད་དབང་ཆེ་ཕྲ་་ཅི་གནང་རུང་དཔེ་ལན་རེ་གཟིགས་པ་ཙམ་གྱིས་ཇི་ལྟར་བཞེད་པ་བཞིན་གནང་བ་ལ་འཐོག་རྒྱུགས་མེད་པ་ཡིན། ཞེས་ཞུས་པས་ཅིས་ཀྱང་རང་ངོ་མཚར་ཆེ་ཞེས་འདུད་པར་གྱུར་ཏོ། །དེའི་ཕྱི་ལོ་ལྕགས་ཕོ་འབྲུག་ལོ་ཧོར་ཟླ་བཞི་པའི་ནང་དུ་སྔ་ཁོ་སྙན་ཞུས་ཡོད་པ་བཞིན། བདེ་ཆེན་ཡངས་པ་ཅན་ནས་སྤྱན་འདྲེན་གསེར་ཡིག་པ་འབྱོར་བ་