R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༧ན-༤༠༣
[A:༡༠༧ན-༤༠༣] ༄༅། །བྱར་མེད་ཀྱི་ངང་ལ་བསྒྱུར་ཐོ། རྣམ་རྟོག་ཆོས་སྐུ་ཡིན་ན། རྣམ་རྟོག་ཆོས་སྐུ་ཡིན་པ་བུད། རྣམ་རྟོག་ཆོས་སྐུ་ཡིན་ན། རྣམ་རྟོག་ཆོས་སྐུ་མ་ཡིན་པར་བུད་ཕགས། ཅེས་བཀའ་སྩལ་བའི་ཚེ། དེར་འདུས་ཐམས་ཅད་ཉམས་ལེན་གྱི་གནད་ལ་རང་བྱན་ཚུད། ཉམས་ལེན་ཐམས་ཅད་གནད་ཅིག་ཏུ་འདྲིལ་ཐེ་ཚོམ་གྱི་གཞི་དང་བྲལ་བར་གྱུར་ཏོ། དེ་ནས་རིམ་པས་དཔལ་འབྱོར་རབ་བརྟན་དུ་ཕེབས། ས་སྐྱོང་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས་རྒྱ་པོའི་དྲུང་གི་བཞེད་པས། ཐམས་ཅད་མཁྱེན་པ་རྡོ་རྗེའི་གདན་པའི་གསུང་རྒྱུན་ཐུན་མོང་མ་ཡིན་པ་གསུང་ངག་ལམ་འབྲས་བུ་དང་བཅས་པ་གསན་པའི་ཞབས་ཕྱིར། བཀའ་བཅུ་བ་ནམ་མཁའ་དཔལ་ལྡན་པ་སོགས་འགའ་ཤས་ལ། རྒྱུ་ལབ་གྱི་དབང་དང། ཁྲིད་ཀྱི་རིམ་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གཞུང་ཇི་ལྟ་བ་བཞིན་ཁྲིད་ཡིག་ལ་སྟེན་ཏེ་གསན་པའི་དུས། རྒྱུད་སྡེ་མཐའ་དག་གི་མཐར་ཐུག་གི་སྙིང་པོ་འོད་གསལ་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་པའི་གཟུགས་ནམ་མཁའ་གང་བ་མངོན་དུ་གྱུར་ནའང། ངོ་སྤྲོད་དགོས་པའི་ཞུ་ནན་ཕུལ་བས། ཁོ་བོ་ལ་རྣལ་འབྱོར་ཡན་ལག་དྲུག་པ་གསན་པའི་ཚེ་ན། དེ་དུས་དཔེ་མཁྱུད་མེད་པར་ཞུ་བ་ཡིན་མོད། དཔལ་ལྡན་ས་སྐྱ་བ་རྣམས་ཀྱི་ལམ་འབྲས་བུ་དང་བཅས་པ་འདི། རྒྱུད་སྡེ་