R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༧བ-༤༠༤
[A:༡༠༧བ-༤༠༤] ཐམས་ཅད་ཀྱི་ཡང་སྙིང་རྣལ་འབྱོར་ཡན་ལག་དྲུག་དང་སྦྱར་ཏེ་བཤད་ན། རྗེ་བཙུན་ས་སྐྱ་བ་རྣམས་ཀྱི་ཞབས་ཏོག་དང་དགོངས་པ་རྫོགས་པར་འགྱུར་སྲིད་ཀྱང། དེང་སང་གི་གནས་སྐབས་སུ་དེ་ལྟར་ངོ་སྤྲད་ན། སྐྱེས་བུ་དམ་པ་མཐའ་དག་གི་ཐུགས་ལ་མི་ཤོང་བའི་སྐྱོན་གྱིས་མི་དགྱེས་པའི་རྒྱུར་འགྲོ་བས། ངོ་སྤྲོད་གསལ་འདེབས་གཞུང་ཁྲིད་བཞིན་འབུལ་བར་བྱེད། འོན་ཀྱང་ལྷའི་རྣམ་པ་ལ་སེམས་ཟིན་པས་ཕྱོགས་ཀྱི་ཏིང་ངེ་འཛིན། དེ་རི་ན་གྱིས་སྟོང་པ་ལ་སེམས་ཟིན་པས་སྟོང་ཕྱོགས་ཀྱི་ཏིང་ངེ་འཛིན། དུ་སོགས་ཀྱི་རྟགས་ལ་སེམས་ཟིན་པ་ཟུང་འཇུག་གི་ཏིང་ངེ་འཛིན། ཞེས་གསུངས་པ་ལྟར། འཁོར་བ་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པ་ལ་སེམས་ཟིན་པ་སྟོང་ཕྱོགས་ཀྱི་ཏིང་ངེ་འཛིན། དེ་རི་ན་གྱིས་སྟོང་པ་ལ་སེམས་ཟིན་པར་སྟོང་ཕྱོགས་ཀྱི་ཏིང་ངེ་འཛིན། དུ་སོགས་ཀྱི་རྟགས་ལ་སེམས་ཟིན་པ་ཟུང་འཇུག་གི་ཏིང་ངེ་འཛིན་དུ་བྱས་ནས། དེ་ཕྱིན་ཆད་ལམ་སྔ་མ་གཉིས་སྐྱོན་ཅན་གྱི་རྣམ་པ་དང། ཕྱི་མ་ཟུང་འཇུག་གི་ཏིང་ངེ་འཛིིན་ཡིན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྣམ་པ་ཡག་ཤར་ལ་དམིགས་བརྟེན་དུ་བྱས་པ་མཉམ་པར་འཇོག་པ་འདི་ཁོ་ན་ལ་རྟེན་ཏེ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་པར་མངོན་པར་རྫོགས་པར་ཚང་རྒྱ་བ་ཡིན་པས་དུས་ཐམས་ཅད་དུ་ཉིིིན་གྱི་གནད་འདི་ལྟ་བུ་ལ་ནན་ཏན་དུ་གནང་ན། ཆོས་ཐམས་ཅད་ཀྱི་ངོ་སྤྲོད་འདི་ཁོ་ན་ལས་མ་འདས་པས་ཐུགས་