R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༨ན-༤༠༥
[A:༡༠༨ན-༤༠༥] ༄༅། །ཀྱི་ཕུགས་སུ་འཛིན་འཚལ། ཞེས་དང། གསུང་ཆོས་ཀྱི་རིམ་པ་རྣམས་ཀྱང་མཐའ་ཡོངས་སུ་རྫོགས་སྩལ། དེ་ནས་དཔོན་སློབ་རྣམས་ཨརྒེ་གཟིམས་ཁང་དུ་ཕེབས་པའི་ཚེ། མོན་རྒྱལ་པོ་ཇོ་འཕགས་ཀྱི་སྲས་ཆོས་རྗེ་འཆི་མེད་དབང་པོ་དཔོན་སློབ་དྲུག་བཅུ་ཕྱིན་ཕེབས། ཁ་ཅིག་ཚིག་སྔ་མ་དགེ་བསྙེན་དང་དགེ་ཚུལ་དག་ཏུ་བསྙེན་པར་རྫོགས་པ་དང། རྒྱལ་པོ་ཉིད་ལ་སོགས་པ་མང་པོ་དག་ཚིག་ཕྱི་མར་བསྙེན་པར་རྫོགས་ཏེ། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་མཁན་པོ་ཆེན་པོར་མཛད་དེ། རྒྱ་དང་མོན་གྱི་ཡུལ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པས་ཁེབས་པར་མཛད་པ་ནི། སངས་རྒྱས་བསྟན་པ་དགེ་སློང་གི་དགེ་འདུན་ལ་རག་ལས་པ་བཞིན་མཐའ་རྒྱས་པ་ཁོ་ནར་གྱུར་པར་སེམས་སོ། །
འདི་ལ་ཕྱིས་མ་ཆེན་རསྣ་བྷདྲར་གྲགས་སོ།
དེ་བཞིན་དུ་བྱང་པ་རབ་འབྱམས་པར་གྲགས་པ། གྲ་ཐང་དུ་རྗེ་ཞ་ལུ་ལོ་ཙ་ཙཱ་་བའི་དྲུང་དུ་ཀ་ཙན་གྱི་རིག་གནས་མཐའ་དག་ཕུལ་དུ་ཕྱིན་པ་ལོ་ཙ་ཙཱབ་རིན་པོ་ཆེན་བཟང་པོས་གཙོས་པའི་དབུས་གཙང་གི་དགེ་བའི་བཤེས་གཉེན་གྲངས་མང་བ་དག་ལ་བདེ་མཆོག་ལྷ་བཅུ་གསུམ་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་དབང་གིས་རྒྱུད་སྨིན་པར་མཛད་དེ། གྲོལ་ལམ་གྱི་རིམ་པ་ནོར་བུ་སྐོར་གསུམ་གྱི་གདམས་པ་རྗེ་བཙུན་རས་ཆུང་པའི་གདམས་ངག་བུ་ཆེན་རྣམས་ལ་ཇི་ལྟར་བརྒྱུད་པ་བཞིན་གནང། གཞན་ཡང་མི་གཡོ་བའི་ཟུར་བཀའ་