R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༡༤ན-༤༡༧
[A:༡༡༤ན-༤༡༧] ༄༅། །སྤྲུལ་པའི་ཚུལ་སྟོན་པ་ཁ་ནར་གནང། སང་ཉེར་ལྔའི་ཉི་ཤར་ལ་བསྙེན་བཀུར་འབུལ་ནོད་བསམ་གྱིས་མི་ཁྱབ་པའི་སྒོ་ནས་གཙང་ཆུང་གླི་ཁར་ཕེབས་ཏེ། བྱིང་ནས་ཞལ་ངོ་རྩེ་རྒྱས་ཕེབས་པའི་དགུང་ཚིགས་འབུལ་ནོད་གྱ་ནོམ་པ་དང་བཅས་པ་ཞུས། སྒྲོལ་དཀར་གྱི་རྗེས་གནང། ཕྱག་ཆེན་འཆིང་བ་རྣམ་གྲོལ་སོགས་ཐུགས་ཚིམ་པ་གནང་རྗེས། ཆིབས་ཐོག་ཏུ་གདན་འདྲེན་ཞུས་རིམ་གྱིས་རྩེས་ཐང་མཆོད་ཡོན་སྐུ་མཆེད་ཀྱི་པད་གདན་སྟེང་དུ། སྤར་བྱུང་ཆོས་མཛད་སོགས་གསོལ་ཇ་འབུལ་བ་བྱེད་མི་མང་པོ་དང། དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་བླ་མའི་རྣལ་འབྱོར་སོགས་གང་ལ་གང་འདོད་ཀྱི་ཚིམ་པར་མཛད། དེ་ནས་ཆོས་ཀྱི་རྒྱལ་པོ་གོང་མ་ཆེན་པོའི་ལུང་གིས་ཉང་པོའི་གྲུ་སོགས་འགོར་མེད་གནང་ཏེ། ཚོང་འདུས་བྲག་ཁར་ཕེབས་མ་ཐག་རྩེ་ཞབས་དྲུང་ནས་གཞི་ལེན་གྱི་གསོལ་ཇ་འབུལ་བ། ཡང་དབེན་རྩེ་ནས་དཔོན་ས་སྤྱན་སྔའི་དྲུང་གིས་གསོལ་ཇ་འབུལ་བ། ནང་སོ་ཀུན་ལྡན་པས་ཐབ་འཛིན་ཞབས་ཏོག་ཕུན་སུམ་ཚོགས་པ་ནས། ཐར་མ་ནང་པོ་བདེ་སྐྱིད་དཔལ་འབྱོར་བས་བསུ་བ་མཛད་དེ་ཐར་མར་ཕེབས། བཞུག་གདན་གྱི་བཀོད་པ་སྤྱན་སྔ་ཐམས་ཅད་མཁྱེན་པ་ལ་གང་ཡོད་ཀྱི་སྟེང་དུ་སྤྱན་དྲངས་ཏེ་བསྙེན་བཀུར་གྱ་ནོམ་པས་མཆོད། དེ་ནས་