R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༡༤བ-༤༡༨
[A:༡༡༤བ-༤༡༨] ཐོལ་གྱི་མཁན་པོ་རྗེ་བྲག་ལྕོགས་ཆེན་པོས་ནོར་བུ་གླིང་དུ་སྤྱན་འདྲེན་ཞུས་ཏེ། ཞལ་སློབ་ཀྱི་ཐུ་བོ་ཡིན་པ་བཞིན་མཆོད་པའི་ཡོ་བྱད་ཁ་ན་མ་ཐོ་བ་མེད་པས་མཆོད་ཅིང། དེར་འཁོད་ཐམས་ཅད་ལ་ཆོས་ཀྱི་དགའ་སྟོན་ཆེན་པོས་ཀྱང་དགྱེས་པ་བསྐྱེད། དེ་ནས་རིམ་པས་ཕེབས། འོ་དེ་གུང་རྒྱལ་གྱི་བསུ་བ་ཡིན་ཟེར་མཚན་གྱི་ཆ་ལ་དབྱར་གུང་ལས་ཀྱང་ཆར་ཆེ་ཞིང། ཐོ་རངས་ནས་རབ་ཏུ་དཀར་བའི་ཁ་བའི་མེ་ཏོག་གི་ཆར་ཆེ་པོ་བབ་པ་མཆོད་པའི་སྤྲིན་དུ་གྱུར། སླར་ཡང་རིམ་པས་ཟངས་རི་ཕོ་བྲང་སྒང་དུ་ཕེབས། དེར་ཡང་ནང་སོ་བདེ་སྐྱིད་དཔལ་འབྱོར་བས་སྔར་བཞིན་ཞབས་འདེགས་བསམ་ལས་འདས་པ་ཞུས། དེའི་མོད་ནས་མ་ཅིག་ལབ་སྒྲོན་གྲུབ་པ་བརྙེས་པའི་གནས་ཟངས་རི་ཁང་དམར་མཇལ་བ་ལ་ཐེགས། ཟངས་རི་ཕུ་ནས་ཡང་རི་ཆོས་རྗེས་ཀྱང་གཞི་ལེན་ཡང་དག་པ་ཞུས། དེ་ནས་འོལ་ཁའི་བར་དུའང་ཐབ་འཛིན་གཅིག་འུ་ལག་སོགས་ཞབས་ཏོག་གཡོ་མེད་པས་དགྱེས་པ་བསྐྱེད། སླར་རིམ་པས་བཏེག་པར་རྒྱུར་ནས་རྒྱུད་པའི་འོལ་ཁ་སྟག་རྩེར་ཕེབས། རྩེ་ཞབས་དྲུང་ནས་བཀའ་ཕེབས་པའི་ཞབས་འདེགས་སོགས་མཁོས་སུ་ཕེབས་པ་བྱུང་རུང། ཁ་བའི་འཇིགས་པ་དང། སྐུ་ཆབ་སེར་གྱི་གཞི་ལ་རྟེན་སྐུ་ལུས་བྱིན་འཛིར་བའི་རྣམ་པས་ཤིན་ཏུ་མཉེལ་བ་ན། གཞི་གཞིས་བྱེས་བྱིན་ཐུགས་ངལ་བར་