R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༡༧ན-༤༢༣
[A:༡༡༧ན-༤༢༣] ༄༅། །མ་གི་ལ་གྲུམ་པ་མཁན་ཆེན་པའི་སྐད་ཆ་ཡོད་སྲིད་རྩད་ཆོད་དང་ཞེས་དྲིས་པས། བདག་དགས་དྭགས་པོ་ཀླུང་ནས་ཡིན། མཚལ་ཆུར་འགྲོ་འདོད་པ། དཔོན་སློབ་དང་མཇལ་བས་ཕྱག་དབང་ཞུ་བ་ཡིན། རྗེ་གྲུམ་པ་དཔོན་སློབ་གྲུམ་ནས་ཡོལ་དགོན་པར་ཕེབས་ནས་ཞག་གསུམ་སོང། ཁའི་ཉིན་དུས་མཆོད་ ཆེན་མོ་བཏང། ད་རིང་བསྡུ་ཡར་རྣམས་མཛད། སང་ཕྱིར་ཐེགས་ཀྱི་དགོངས་པ་འདུག་ཅེས་སྐད་ཆ་ཕུལ། དེ་ཉིན་རམ་བྱེ་ཉིལ་དུ་ཕེབས་མ་ཐག་ཡོམ་དགོན་པར་བཀའ་ཐོ་གནང། ཆོས་རྗེ་མཁན་ཆེན་པའི་ཉེ་གནས་ཇ་ཞུས་ལ་གནང་བའི། སང་དགོན་པར་ཕེབས་པའི་ཟླ་ཕྱེད་ཙམ་བཞུགས་དགོས་པའི་གསལ་འདེབས་དང་བཅས་པ་ཕུལ། ནང་པར་སྤྱན་འདྲེན་དང་དང་སྒོ་བསྟུན་ཕེབས་པ་ལ། ཆོས་རྗེ་དཔོན་སློབ་ཀྱིས་བསུ་བ་སེར་སྦྲེངས་སོགས་ལེགས་པར་ཕུལ་བ་ན། རོལ་མོའི་སྒྲས་རྐྱེན་བྱས་ཏེ་ཆིབས་ཐོག་ནས་ཞལ་སྐྱུགས། སྐྱུར།ཀྱི་རྣམ་པ་མཚོན་ཙམ་བྱུང་བ་ལ། དགེ་འདུན་ཐམས་ཅད་སུས་ཐོབ་ཀྱི་སྤར་བས་འཛེེད་ཅིང། བདག་ཅག་རྣམས་ལ་འདི་ལྟ་བུའི་རྟོག་འབྲེལ་སྒྲིག་པ་ནི། རྗེ་བཙུན་རིན་པོ་ཆེའི་ཐུགས་བརྩེ་བ་ཁོ་ནའོ་ཞེས་གླེང། དེ་ནས་ཞག་གསུམ་གྱི་བར་ཞབས་འདེགས་ཕུན་སུམ་ཚོགས་པ་ཞུས། ཆོས་རྗེ་མཁན་ཆེན་པ་ལ་ཐུགས་བཞེད་དང་མཐུན་པའི་ཆོས་སྐྱོང་དམར་པོའི་རྗེས་གནང་སོགས་སྒེར་ཆོས་མང་བ་དང། དགེ་འདུན་བྱིན་