R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡བ-༡༩༢
[A:༡བ-༡༩༢] ༄༅། །ན་མོ་གུ་རུ་བུདྷ་བོ་དྷི་ས་ཏྭོ་བྷྱོཿ ན་མོ་ན་མཿ ། རིགས་ཐམས་ཅད་ཀྱི་བདག་པོ་དཔལ་རྡོ་རྗེ་སེམས་དཔའ་དང་ཐ་མི་དད་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །ཕུན་ཚོགས་ལེགས་བྱས་འབྲས་བུ་ཀུན་སྕོལ་ཞིང། །གདུང་བས་ཉེན་ལ་རྒྱ་ཆེན་གྲིབ་བསིལ་དང། །ལྟུང་ལ་ལག་པའི་འཆོལ་འཚལ་ས་གཅིག་པུ་པ། །བུ་རམ་ཤིང་པའི་རིང་ལུགས་རྒྱལ་གྱུར་ཅིག། །རྒྱལ་བའི་ཡེ་ཤེས་མཆོག་གི་རྩེ་དགའ་ནི། །འགྲོ་ལ་སྐལ་མཉམ་སྐུ་ཡི་ངོ་མཚར་གྱིས། །ལེགས་གསུངས་ཆོས་ཀྱི་དགའ་སྟོན་འགྱེད་མཁས་ལ། །དཔལ་ལྡན་བླ་མ་ཞེས་བྱར་གྲགས་ལ་འདུད། །ཆོས་ཕུང་ཕྱེ་བའི་ནགས་ཚལ་