R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༥༨ན-༥༠༥
[A:༡༥༨ན-༥༠༥] ༄༅། །གྱུར་ན་ཤམྦྷ་ལར་འགྲོ། རང་དབང་དུ་མ་གྱུར་ན་ཇོ་ནང་དུ་ཉེ་བའི་འདབས་ཤིག་ཏུ་འཕོ་སྟེ་རྣལ་འབྱོར་ཡན་ལག་དྲུག་གི་ཉམས་ལེན་ལ་དྲིལ་བ་ཞིག་བྱེད་པ་ཡིན་ཞེས་བཀའ་སྩལ་ན། ད་དགོངས་པ་ཇི་ལྟ་བུ་ཡོད་ལགས་ཞུས་པས། འོ་སྐོལ་རང་དབང་དུ་གྱུར་ན་ཤམྦྷ་ལ་རང་དུ་འགྲོ། དེར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་དངོས་སུ་འདོམས་པ་ཡིན། དེ་ལྟར་རང་དབང་མ་ལུས་ནའང་སྨོན་ལམ་རྣམ་པ་དག་པ་བཏབ་ཡོད་པས་བསྟན་པ་དང་སེམས་ཅན་ལ་ཕན་པ་ཞིག་ཏུ་ངེས་པར་སྐྱེ། འོན་ཀྱང་ཁྱེད་རང་རྣམས་ཤམྦྷ་ལར་གསོལ་བ་ཐོབ། དག་སྣང་ཡིན་པས་བྱིན་རླབས་འཇུག་པ་ཡིན་ནོ་གསུང། ཡང། ཚེས་བཅུ་བཞིའི་ཚ་རྟིང་མའི་ཐོག། ཚུལ་ཁྲིམས་རབ་བརྟན་སིལ་གཏོར་ད་ལྟ་རང་བཤོམས་གསུང་བ་བཞིན་བཤམས་པ་ན། དེ་བས་མྱུར་བར་བཤོམས་ཕེབས་པ་ན། བསྔོ་བ་མ་གནང་བར་བཤམས་གཞན་འདྲ་ལགས་སམ་ཞུས་བྱུང་བ་ལ། ལྐུག་ལྐུགས་པ། བཤམས་པ་ཙམ་གྱིས་ཐོབ་པའི་གནད་ཅིག་དགོས་པ་ཡིན། ད་ཁྱོད་ཀྱིས་འདོད་ལ་ཡོད་ན། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག། དམ་ཅན་ཐུགས་དམ་སྐོང་གྱུར་ཅིག། ལན་ཆགས་བུ་ལོན་ཁེར་ཁྱེར་གྱུར་ཅིག། རིགས་དྲུག་འདོད་པ་ཚིམ་གྱུར་ཅིག། འོ་དེ་གྱིས་ལ་ད་མྱུར་དུ་བཤོམས། དེ་རིང་ནས་བཤམས་ལུགས་དེ་