R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༥༨བ-༥༠༦
[A:༡༥༨བ-༥༠༦] ཁ་བྱས་པས་ཡོང་གསུང་བ་ཕེབས། ཚེས་བཅོ་ལྔའི་ཉིན། བདག་ཅག་དྲུང་ན་འཁོད་པ་ལ། ཁྱོད་ཀྱི་དཔྲལ་པའི་དཀྱིལ་ན་ཨཿ དཀར་པོ་དྲི་མ་མེད་པ་ཅིག་འདུག་གསུང་བ་ལ། བདག་གི་བསམ་པ་རྩེད་མོ་ལ་རི་མོར་བྲིས་པ་ཞིག་ཡིན་ནམ་སྙམ་ཕྱིས་པས། བཞད་མོ་ཞིག་གནང་ཏེ། ཕྱིས་པ་ཡག་ལ་འགྲོ། ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པའི་དོན་ཡིན་པར་མཆིས། དེ་རིང་ནས་ཕྲེང་བ་འདི་ཡང་བསྡུས། ད་སྤྲོས་བཅས་ཀྱི་ཙབ་ཙུབ་བྱེད་པའི་དུས་མིག། ནམ་རྒྱམ་པས་སྐབས་སུ་རི་ཁྲོད་དབང་ཕྱུག་གི་གསུང། གང་ལ་སྐྱོན་དུ་མི་བལྟ་ཞིང། །ཅི་ཡང་མ་ཡིན་མཉམ་པར་བཞག །བསྒོམ་དུ་མེད་པར་གསུང་མོད་ཀྱང། །ལེ་ལོ་བཏང་སྙོམས་དབང་མི་བཏང། །རྒྱུན་དུ་དྲན་པས་བསྒྲུབ་པར་བྱ། །ཅེས་པའི་ཚིགས་བཅད་འདི་སྐབས་རེར་གསལ་ཐོབ། རྣམ་སྣང་དང་མི་བསྐྱོད་པ་མཚན་ཉིད་པ་དགོས་ནའང། ད་རིང་ནས་མ་འདོར་བར་རིལ་བུར་བསྒྲིལ་ཞིག། མ་འོངས་པ་ན་འགྲོ་བ་མང་པོ་ལ་ཕན་པ་ཆེན་པོ་འབྱུང་བ་ཡིན། བླ་མ་གཞན་དག་གིས་འོད་གསལ་ཞེས་འདོད་པ་དེ་ནི་ཞི་གནས་ལ་བསྟན་པ་ཅུང་ཟད་ཐོབ་པའི་གང་ཟག་གཅིག་གིས་སྤྲོས་པ་ཐམས་ཅད་བཀག་པའི་སྟོང་པ་ཙམ་ཞིག་ལ་གནས་པར་འདོད་