R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༥༩ན-༥༠༧
[A:༡༥༩ན-༥༠༧] ༄༅། །ས་ལ་འོད་གསལ་ཟེར་བས་དེ་ལྟ་བུ་ནི་འོད་གསལ་རྣལ་མར་མི་འདོད། ཁོ་བོ་འགྲོ་དུས་ནི། སྐད་ཅིག་ཅིག་གིས་བྱེ་བྲག་ཕྱེད། །ཞེས་སོགས་གསུང་པ་ལྟར། སྐད་ཅིག་མ་ཅིག་གིས་ལམ་གྱི་རིམ་པ་རྫོགས་པར་བྱས་ཏེ། འོད་གསལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་བྱིངས་སུ་འཇུག་པས། ཐུགས་དམ་མ་གྲོལ་བ་ཡིན་ཟེར་བ་ལྟ་བུའི་ཕུང་པོའི་ནང་དུ་ཡུན་རིང་པོ་སྡོད་པ་མི་བྱེད། ཁྱེད་རྣམས་ཀྱིས་ངའི་རུས་པ་ལྕོག་པུར་འཇོགས་པའང་མི་རིགས་པས། ཁོ་བོ་ཐེགས་པ་ནས་མི་རིང་བར་རུས་པ་མེ་ལ་ཆུག་ཅིག། མེར་སྦྱངས་པའི་དུད་པ་ཙམ་གྱིས་ཀྱང་སེམས་ཅན་ཚད་མེད་པ་ལ་ཕན་པ་ཡིན། རུས་པ་ཡང་མ་ཚིག་པར་འཇོག་པ་མི་ལེགས་པས། རྡོ་ཐལ་གྱི་ཕྱེ་མ་ལྟ་བུར་བགྱིས་ལ། ཕྱེད་རི་མཐོན་པོའི་རྩེ་མོ་ནས་རླུང་ལ་ཕྱོར། ཕྱེད་ཆུ་བོའི་གཞུང་ལ་སྐྱོལ་ཞིག དེ་ཙམ་གྱིས་འགྲོ་བ་མང་པོ་ལ་ཐར་པའི་ས་བོན་འདེབས་ནུས་པ་ཡིན་ནོ་ཞེས་པ་ནམ་དུའང་སེམས་ཅན་གྱི་དོན་ལས་མ་གཡོས་པའི་གསུང་གིས་དུས་འདའ་བ་ཉིད་དོ། །ཡང་ཚེས་བཅུ་བདུན་གྱི་ཚ་རྟིང་མའི་ཐོག་ཏིང་ངེ་འཛིན་གྱི་འཇུག་གནས་ལྡང་གསུམ་གྱི་རོལ་པས་དར་ཅིག་ལ་