R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༠ན-༥༠༩
[A:༡༦༠ན-༥༠༩] ༄༅། །ཀྱང་དོན་ཤེས་པ་ཡོད་གསུང་ཞིང། སྐུ་ཁམས་ཀྱང་ལྷག་པར་དངས་པར་གྱུར་ཏོ། །ཡང་ཚེས་བཅུ་དགུའི་ཉིན། ཞལ་ཕུ་ནས་དཔོན་ས་རིན་པོ་ཆེའི་དྲུང་གིས་ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཐུགས་དམ་ཐང་སྐུ་ཅིག་ལ་ཕྱག་ནས་ཞུ་མི་གནང་བྱུང་བས། ཚེ་འཕོ་ཁར། བསྟན་པའི་བདག་པོ་གནས་བརྟན་བཅུ་དྲུག་རྒྱལ་པོ་ཆེན་པོ་སྡེ་བཞི་དང་བཅས་པའི་སྐུའི་སྣང་བརྙན་ལ་རབ་ཏུ་གནས་པ་བགྱིད་པ་འདི་རྟེན་འབྲེལ་ཤིན་ཏུ་ལེགས། སྐྱེ་བ་ཕྱི་མའང་ཤཱཀྱ་ཐུབ་པའི་བསྟན་པ་ལ་ལག་བྲིས་ཆེན་པོ་བསྒྲུབ་ཐུབ་པའི་རྟེན་འབྲེལ་དུ་འདུག། ད་ཁྱོད་རྣམས་ཀྱིས་རབ་ཏུ་གནས་པའི་ཉེར་སྤྱད་རྣམས་ལེགས་པར་སྟ་གོན་གྱིས། ཚེ་འདིའི་རྡོ་རྗེ་སློབ་དཔོན་གྱི་ལས་མཇུག་ཏུ་འདུག་པས། རབ་ཏུ་གནས་པ་རྒྱས་པ་ཅིག་བྱེད་དགོས་ཕེབས་ནས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པའི་ཆོ་ག་ལ་བརྟེན་ཏེ་རབ་ཏུ་གནས་པ་ལྷག་པར་རྒྱས་པ་ཞིག་གནང། མ་འོངས་པ་ན་ཁྱེད་རང་རྡོ་རྗེ་སློབ་དཔོན་བྱེད་འདོད་པ་རྣམས་ཀྱང་ལག་ལེན་འདི་ལྟ་བུ་ཞིག་བྱེད་དགོས་པ་ཡིན། ལག་ལེན་འཁྲུལ་པར་སྤྱད་ན་རང་གཞན་ཐམས་ཅད་ལོག་པའི་ལམ་ལ་སྦྱོར་བར་འགྱུར་བས་རྣམ་