R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༠བ-༥༡༠
[A:༡༦༠བ-༥༡༠] པར་དག་པ་ལ་འབད་པར་གལ་ཆེའོ་གསུང། དེ་ལྟར་ངོ་མཚར་བའི་རྟེན་དེ་ཉིད་ལ་མེ་ཏོག་འཐོར་བའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཆེན་པོ་མངོན་པར་འབབ་པར་གྱུར་ཏོ། །དེ་ནས་ཚེས་ཉི་ཤུའི་ཉིན། དཔོན་དྲུང་ཆང་དཔོན་པས་མཇལ་དུ་ཕེབས་པའི་ཚེ། དར་ཅིག་ཏིང་ངེ་འཛིན་ལ་མི་གཡོ་བར་བཞུགས་པར་གྱུར་པ་ན། དྲུང་ན་མེད་པ་ཀུན་གྱིས་ཏིང་ངེ་འཛིན་དེ་ལས་བཞེངས་པར་བསྐུལ་ནའང། རྗེ་ཉིད་གཡོ་བ་མེད་པར་བཞུགས་པས་ཀུན་འཇིགས་པར་གྱུར་ཏེ། དེ་རིང་དཔོན་དྲུང་མཇལ་ཁ་མི་ཐུབ་པ་འདྲ་ཞེས་གླེང་བའི་ཚེ། རྗེ་ཉིད་སྐད་ཅིག་གིས་ཏིང་ངེ་འཛིན་ལས་བཞེངས་ནས་དཔོན་དྲུང་བྱོན་ཡོད་དམ་གསུང། དེའི་ཚེ་དཔོན་དྲུང་ཤོད་ན་ཕེབས་ཡོད་ལགས་ཏེ། དེ་རིང་མཇལ་ཁ་ཇི་ལྟར་ཡོང་ལགས་སམ་ཞུས་པའི་ཚེ། དེ་རིང་ཁོང་དང་ཤིན་ཏུ་མཇལ། ཁོང་གིས་དད་པས་ཀུན་ནས་བླངས་ཏེ་སྐྱིད་ཞོད་ནས་བསྙེགས་ནས་བྱོན་པ་དང་མ་འཕྲད་ན་མི་ཡོང་གསུང། མཇལ་བ་གནང་བའི། རྗེ་ཉིད་ཀྱི་དྲུང་དུ་བརྟན་བཞུགས་འབུལ་བ་གནང་ཏེ། སྐུའི་དཀྱིལ་འཁོར་ཆེས་ཆེར་གཟི་མདངས་འབར་འདི་ལྟ་བུ་འདུག་པས་ལོ་ཤས་ཞབས་བརྟན་པར་བདག་ཅག་རང་གིས་ཀྱང་ཁག་ཐེག་པར་འདུག་ནའང་། བདག་ཅག་གདུལ་བྱར་གྱུར་པ་རྣམས་ཀྱི་བསམ་པ་སྐོང་བའི་སླད་དུ་འདི་ཙམ་ཞིག་ཞབས་བརྟན་པར་བཞུགས་