R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༡ན-༥༡༡
[A:༡༦༡ན-༥༡༡] ༄༅། །པའི་ཞལ་བཞེས་བཟང་པོ་ཞིག་བཀའ་དྲིན་སྐྱོངས་དགོས་ཞུས་པ་ན། ཁྱེད་གསུང་བ་བཞིན་ཟོ་་མདོག་རང་དགའ་མོ་ཡོད་ཚོད་འདུག་ཏེ། དེ་ལྟ་བུ་ཡུན་རིང་སྡོད་པའི་སྒྲུབ་བྱེད་དུ་འགྲོ་བ་དཀའ། འོན་ཀྱང་ཁྱེད་ཀྱི་ངོ་ལ་ཁོ་བོ་རང་ནམ་འདོད་པ་ཚུན་སྡོད་པ་བྱེད་གསུང། དེ་ཉིན་གཉག་ཕུ་ཐམས་ཅད་མཁྱེན་པའི་ཟླ་དུས་ཀྱི་དུས་ཆེན་ཡིན་པ་དང་སྒོ་བསྟུན་ཏེ་མྱ་ངན་ལས་འདས་པའི་དགོངས་པ་གཏད་འདུག་ནའང། དཔོན་དྲུང་གི་གསོལ་བ་བཏབ་པའི་ངོར་ཞག་ཅིག་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབ་པར་མཛད་པ་དེ་ལྟར་ན། བདག་ཉིད་ཆེན་པོ་འདི་ཉིད་སྐྱེ་འཆི་ལ་དབང་ཐོབ་པས་འཇིག་རྟེན་ཕལ་པའི་རྣམ་པར་ཐར་པ་ལས་རིང་དུ་གྱུར་པ་ཉིད་དོ། །དེ་ནས་རྗེ་བཙུན་ཆེན་པོོོ་འདི་ཉིད་དགུང་ལོ་བདུན་བཅུ་དོན་བརྒྱད་པ། ཤོལ་དང་བཅས་ན་བརྒྱད་བཅུ་ལ་ཉེ་བར་བསྙེན་པ། འཕགས་པའི་ཡུལ་གྱི་ཀུན་འཛིན། རྒྱ་ནག་པོའི་ས་ཕོ་བྱི་བ། འདུལ་བ་ས་དང་ཤམྦྷ་ལ་པའི་དབྱར་ཟླ་ཐ་ཆུང་། ཧོར་ལུག་གི་ཟླ་བ་དྲུག་པའི་ཉེར་གཅིག་གི་ཉིན། བཻཌཱུརྱ་ལྟར་དྭངས་ཤིང་དྲི་མ་དང་བྲལ་བའི་ནམ་མཁའི་ཁྱོན་ལ་ལྷ་རྣམས་ཀྱིས་ལེགས་པར་བསྟར་བའི་འཇའ་ཚོན་གྱི་གོས་ཟུང་རྣམ་པར་བརྐྱང་པ་ནི། ཀུ་མུ་ཏའི་ཁ་དོག་ལྟ་བུ་དང། ཁ་ཅིག་ཏུ་ནི་སྦུར་ལེན་གྱི་མདངས་འཛིན་ལ། གཞན་པ་དག་ནི་སླཀྞའི་འདབ་མ་ལྟར་དམར་བ་དང། ལ་ལ་དག་འཐོན་ཀ་ཆེན་པོའི་མདོག་དང། མར་གད་གཞོན་