R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༡བ-༥༡༢
[A:༡༦༡བ-༥༡༢] ནུའི་བརྟུལ་ཞུགས་འཛིན་པ་ལ་སོགས་པས་ནམ་མཁའི་ཐ་གྲུ་མཇལ་བ་ལྟ་བུའི་བར་བར་ནས་མཆོད་པའི་ལྷ་མོ་སྣ་ཚོགས་པའི་རྣམ་འགྱུར་ངོམ་པ་ཇི་ལྟ་བའི་འཇའ་ཚོན་སྣ་ལྔའི་ཕྲེང་བ་བསྒྲིགས་པ་དང། དེ་རྣམས་ལས་ཀྱང་མཆོག་ཏུ་གསལ་བའི་འོད་ཀྱི་ཐག་པ་རྣམ་པར་བརྐྱང་བ་མཚར་དུ་དངར་བ་རྣམས་ནི་ཕྱོགས་ཐམས་ཅད་ནས་རྗེ་ཉིད་བཞུགས་པའི་གཟིམས་ཁང་གི་ཕྱོགས་ལ་དུད་པའི་རྣམ་འགྱུར་འཛིན་ཅིང། ཁ་དོག་སྣ་ཚོགས་ཤིང་དྲི་བཟང་པོ་དང་ལྡན་པའི་མེ་ཏོག་གི་ཆར་ཆེན་པོ་བབ་པ་ཐམས་ཅད་ཀྱང་གསལ་ལ་མ་འདྲེས་པར་སྣང་བས་ཡིད་ཀྱིས་བྲིས་པའི་བཀོད་པ་ལས་ཀྱང་རྣམ་པར་བརྒལ་ཏེ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་བ་ལྟ་བུའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟར་མངོན་དུ་གྱུར་ཞིང་དེའི་ཚེ་བདག་ཉིད་ཆེན་པོའི་གསུང་ལས། ངེད་རང་འཆི་བ་ལ་སྐྱེ་བོ་ཐ་མལ་པ་རྣམས་ཚེའི་དུས་བྱེད་པ་ལྟར་འཆི་བའི་རྟགས་མགོ་མ་ནས་ཚང་ཡོང་དཀའ། ད་ལྟ་ཡང་རྟགས་ཚང་བ་ཅི་ཡང་མི་འདུག་ཏེ། དེ་རིང་ཤམྦྷ་ལར་འགྲོ་བསམ་པས་དལ་བའི་དུས་སུ་སྨྲས་པ་རྣམས་སེམས་ཅན་ལ་ཞོག་གསུང་ཞིང་དེ་ཉིད་ནས་སྐུ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྐད་ཅིག་ཀྱང་གཡོ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པར་གྱུར་ཏོ། །དེ་ནས་ཉིན་མོར་བྱེད་པ་སྔ་དྲོའི་ཆ་འདས་ཤིང་གུང་ཐུན་ཡོལ་བ་ཙམ་གྱི་ཚེ། རྗེ་ཉིད་ཏིང་ངེ་འཛིན་ལས་