R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༣ན-༥༡༥
[A:༡༦༣ན-༥༡༥] ༄༅། །མཛད་པ་ཡིན་ནོ། །དེའི་ཚེ་ཞིང་འདིར་བསྟན་པ་རིན་པོ་ཆེའི་ཉི་མ་ནུབ། ཕན་བདེ་མཐའ་དག་གི་སྣང་བ་འགྲིབས། སྐྱེ་དགུ་ཐམས་ཅད་ཀྱང་མགོན་སྐྱབས་དང་བྲལ་བས་མྱ་ངན་གྱི་མུན་པ་མི་ཟད་པ་གཏིབས་པར་གྱུར་ཏེ། མགྲོན་པོ་ཕྱོགས་བསླད་པ་ལྟར་ཅི་བྱ་གཏོལ་དང་བྲལ་ནའང། རྒྱལ་བ་སྲས་དང་བཅས་པ་རྣམས་ནི། སྐུ་བལྟམས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་མཛད་པའི་ཕྲེང་བ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་ལས་གཞན་དུ་མི་མཆེལ་ན། སྐབས་འདིར་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་གདུལ་བྱ་སྙིགས་མའི་ཀུན་དུ་སྤྱོད་པས་བག་མེད་ཅིང་རྟག་པར་འཛིན་པ་རྣམས་ཀྱི་ཞེན་ལྟ་ཟློག་པའི་ཐབས་ལ་མཁས་པ་བླ་ན་མེད་པའོ་སྙམ་དུ་དད་པའི་བློས་ངལ་བའི་སྟེགས་བགྱིས་ནས། གདུང་རིན་པོ་ཆེ་མཆོད་པའི་སྤྲིན་གྱི་ཕུང་པོ་ཆེན་པོའི་དབུས་སུ་བཞུགས་སུ་གསོལ་ཏེ། མཆོད་པ་འབུལ་བའི་ཆེད་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་སྟེ་སྒྲུབ་ཅིང་མཆོད་པ་བཙུགས། ཚོགས་སྡེ་ཆེན་པོས་ཀྱང། གདུང་མཆོད་ཡོངས་སུ་རྫོགས་པར་མ་གྲོལ་གྱི་བར་དུ་རྒྱལ་ཆེན་གླིང་ཉིད་དུ་མཆོད་པ་འབུལ་བ་མཛད། ཡར་རྒྱབ་ཆོས་ཀྱི་རྒྱལ་པོ་ཡུམ་སྲས་དྲུང་གིས་ཐོག་དྲངས་པའི་ཕྱོགས་རིགས་ཀྱི་སྡེ་དཔོན། གྲ་སློབ། སྦྱིན་བདག། ཡུལ་མི་དང་བཅས་པ་རྣམས་ཀྱི་ཀྱང་