R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༣བ-༥༡༦
[A:༡༦༣བ-༥༡༦] མཆོད་པའི་བྱེ་བྲག་མཐའ་ཡས་པ་ཕུལ། དེའི་ཚེ་མཆོད་པའི་སྤྲིན་ཕལ་ཆེར་ཡང། དཔའ་བོ་མཁའ་འགྲོ་མ་དང། འཆི་མེད་བདག་པོའི་ཚོགས་ཀྱིས་མངོན་བར་སྤྲུལ་བ་ཤ་སྟག་ཏུ་མངོན་ཏེ། དེ་ཡང་རྗེ་ཉིད་དག་པའི་ཞིང་དུ་ཐེགས་པའི་ནུབ་ཐུན་དང་པོའི་དུས་ལ་བབ་པའི་ཚེ། ཕྱི་རིལ་དུ་སྒྲོན་མེ་ཆེན་པོ་སྤར་བའི་མདངས་ཆེས་ཆེར་གསལ་བ་གཟིམས་ཆུང་ནང་དུ་བྱུང་བ། འཚོ་མཛད་ཟླ་གྲགས་པ་དང། དཀའ་བཅུ་པ་ཚུལ་རབ་གཉིས་ཀྱིས་བལྟས་པས། བུ་མེད་མི་ཚད་ལས་གཟུགས་ཉིས་འགྱུར་གྱི་རིང་བ། དར་སྔོ་ལྗང་གི་གོས་ཀྱིས་ཀླུབས་ཤིང། རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་ཞིག་གི་ལག་ན་རིན་པོ་ཆེའི་སྣོད་བཟང་པོ་མར་མེ་ཆེན་པོ་འབར་བ་འཛིན་ཞིང། དེའི་འཁོར་དུའང་དེ་ལྟ་བུའི་བུ་མེད་མང་པོ་མཆོད་པ་རྣམ་པ་སྣ་ཚོགས་པ་ཐོགས་ཏེ། མཆོད་པ་འབུལ་བའི་རྣམ་འགྱུར་གྱིས་འབུམ་ཐང་ནུབ་ཀྱི་ལམ་མདོ་དེར་ཡུན་རིང་པོ་འདུག་ཅིང། དེ་ནས་སླར་གཡས་སྐོར་གྱིས་སོང་བ་ན། ཁོང་གཉིས་ཀྱིས་གཟིམས་ཁང་གི་ཡང་ཐོག་ནས་བལྟས་པས་འཇའ་ཡལ་བ་ལྟར་སོང་བ་མངོན་སུམ་དུ་གྱུར། དེ་ཉིད་ནས་གཟུང་མར་མེ་རྣམས་ཀྱང་ཅུང་ཟད་ཁ་མ་བྲི་བའང་མི་མངོན་པར་ཞག་མང་པོའི་བར་དུ་ཐུབ་ཅིང་། མཆོད་ཡོན་མེ་ཏོག་ཞལ་ཟས་ལ་སོགས་པ་རྣམས་ཀྱང། གདུལ་བྱ་རྣམས་ཀྱིས་བསོད་ནམས་ཀྱི་སླད་དུ་མྱུར་བ་མྱུར་བར་