R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༤ན-༥༡༧
[A:༡༦༤ན-༥༡༧] ༄༅། །བརྗེས་ཏེ་འབུལ་བ་ཁོ་ན་གཏོགས་པར་རྣམས་ཐམས་ཅད་དུ་མཆོད་པ་རྣམས་ཅུང་ཟད་ཙམ་ཡང་རྙིངས་པར་མ་གྱུར་བ་ནི་དོར་འདུས་པའི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་ཏོ། །དེ་ནས་ཉེར་བཞིའི་རྟ་བདུན་རྒྱལ་པོ་གཟིམས་ཁང་གི་ཕྱོགས་ལ་འོད་ཟེར་གྱི་ཕྲེང་ལ་འགྱེད་པ་དང་དུས་མཉམ་པར་ཆོས་སྐུ་ནམ་མཁའ་ལྟ་བུ་མངོན་དུ་གྱུར་བའི་སྟོབས་ཀྱིས་གཟུགས་སྐུ་རྣམ་གཉིས་ཉི་ཟླ་དང་འདྲ་བ་ཕྱོགས་ཐམས་ཅད་དུ་ཤར་ནས་ནམ་མཁའ་དངས་ཤིང། སེམས་ཅན་ཐམས་ཅད་ཀྱི་དོན་ལྷུར་བཞེས་པའི་ལམ་གྱི་རིམ་པ་ཐུང་ངུར་རྫོགས་པར་མཛད་ནས། སྐུ་རིམ་པོ་འོད་ཀྱིས་གང་བར་གྱུར་ཅིང། སླར་མས་རིམ་གྱིས་གྱེན་དུ་བསྐྱོད། དེ་སྨིན་མཚམས་ཀྱི་མཛོད་པུར་གནས། དེས་ཚངས་པའི་བུ་ག་འོད་ཟེར་གྱི་དྲ་བ་ཆེན་པོ་དེ་གྱེན་དུ་འཕགས་པར་གྱུར་ནས། དེ་བས་ཟླ་བ་བདུད་རྩི་སྟེངས། འགྲོ་བར་བྱའོ་རྒྱལ་པོ་ཀྱེ། ཞེས་གསུངས་པ་ལྟར། སྐད་ཅིག་དེ་ཉིད་ལ་བྱང་སེམས་ཟླ་བ་ཆུ་རྒྱུན་ལུད་པར་གྱུར་བ་ལས། ཆུ་ཤེལ་ཞུན་མའི་རིལ་བུ་ལྟར་དཀར་ཞིང་དྭངས་ལ། དྲི་མས་དབེན་པའི་རིང་བསྲེལ་གྱིས་གཏམས་པར་གྱུར་ཏེ། དག་པའི་ཞིང་དུ་རིངས་པ་ལྟ་བུར་གཤེགས་པར་གྱུར་ཅིག། དེའི་ཚེ་གདུང་གི་ལྷག་མའང་ཁྱེའུ་ལོ་བརྒྱད་པ་ཙམ་ལས་ནམ་ཡང་མི་སྣང་བ་འདི། ལ་ལའི་ལེགས་སུ་རེ་བ་གཏམ་དུ་བརྗོད་པ་ཙམ་མ་ཡིན་པར་དེ་ཁོ་ནར་གྱུར་པ་ཉིད་དོ། །དེ་ཉིད་ནས་གཟུང་ཏེ་རྗེ་ཉིད་འགྲོ་བ་རྣམས་ལ་བུ་གཅིག་