R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༥བ-༥༢༠
[A:༡༦༥བ-༥༢༠] སྐུ་ལུས་སྲིན་བལ་གྱི་ཕུང་པོ་ལྟར་ཡང་ཞིང་བདེ་བས་གང་པའི་ཉམས་ལས། མགྲིན་གཅིག་ཏུ་ཧ་ཧའི་སྒྲ་ཆེན་པོ་རང་དབང་མེད་དུ་སྒྲོག་ཅིང་ཕྱི་ནང་གི་སྐྱེ་བོ་ཕལ་ཆེ་བ་རྣམས་ཀྱང་ཉམས་ཀྱི་རོལ་གར་བསྒྱུར་བ་དང་། མིའི་དབང་པོ་ཉིད་ནི་དེ་ནས་ཀྱང་ཡུན་རིང་པོའི་བར་དུ་གར་གྱི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་དང། རྗེ་བཙུན་བིརྺ་པའི་བཞུགས་སྟངས་མཛད་ཅིང་བསྟོད་པ་ཅིག་ཞལ་འདོན་གནང་བའི་ཐུགས་ཉམས་ཡུན་རིང་དུ་བྱུང་བ་སད་པའི་དུས། བསྟོད་པ་དེ་ཡི་གེར་འབྲི་བ་ཞུས་པ་ན། ངེད་ཀྱི་བློ་ལ་མེད། དྲན་ཀྱང་མ་དྲན་ཅེས་གསུང། གཞན་ཡང་སྔོན་དགྲ་བཅོམ་པ་ཡོན་ཏན་བློ་གྲོས་པའི་བཞུགས་གནད་འོ་མ་ལུམ་ཕུ་ནས་སྒྲུབ་ཆེན་མ་ཞིག་གིས་མར་མེ་གསུམ་སྐྱིབས་དང་སྐྱོར་བ་ཅི་ཡང་མེད་པར་རྩིག་པའི་སྟེང་གི་གཞི་ལ་བཞག་ཏེ། པཎ་ཆེན་ཆོས་གྲུབ་སེང་གེ་ཞེས་གདུང་བའི་དབྱངས་ཀྱི་གསོལ་བ་འདེབས་བཞིན་པས་ཁྱེད་རང་གི་མཆོད་པ་ལ་གཟིགས་ཤིག་ཅེས་བརྗོད་པའི་ཚེ། ཆར་པའི་རྒྱུན་ཆེན་པོ་བབ་པ་ནའང་མར་མེ་དེ་དག་ཅུང་ཟད་ཙམ་ཡང་གཡོ་བ་མེད་པར་འབར་བས་ཉེ་ལོགས་ན་འཁོད་པའི་སྐྱེ་བོ་དག་སྐྱིབས་ཡོད་མེད་ཐེ་ཚོམ་དུ་གྱུར་ཏེ་ཁ་མ་དན་པར་རྒྱལ་བཙུགས་པ་ན། སྐྱིབས་ཡོད་པར་འདོད་པ་རྣམས་ཀྱིས་རྒྱལ་ཤོར་ཞིང། སླར་ནམ་ལངས་ནས་བལྟས་པས་ན་མར་ཇི་ཙམ་ཟད་པ་དེ་ཙམ་ཆུས་གང་བ་ལས་མེ་འབར་བར་མཐོང་བ་ལ་སོགས་པའི་བསམ་