R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༦ན-༥༢༡
[A:༡༦༦ན-༥༢༡] ༄༅། །པའི་ར་བ་ལས་འདས་པའི་རྫུ་འཁྲུལ་གྱི་བཀོད་པ་མཐའ་ཡས་པས་མངོན་པར་འདུ་མཛད། ཞུགས་ཀྱིས་མཆོད་པ་འབུལ་བའི་ཡུན་ཚད་ཀྱང་ཆུ་ཚོད་གཉིས་ཀྱི་བར་ཙམ་ལ་རྫོགས་པར་བཞེས་སྟེ། མཆོད་རྫས་རྣམས་ཀྱང་འབུལ་བའི་རྣམ་པ་ཙམ་ལས་ཅུང་ཟད་ཀྱང་མི་བཞེས་པར། ཀརྐེ་ཏའི་ཁུ་བ་ལྟ་བུའི་ཞུན་ཐིགས་དྲི་རོ་ཕུན་སུམ་ཚོགས་པ་མངོན་པར་བབས་པ་ཉིད་ཞུགས་ལ་གཞེེན་པའི་ཉེར་སྤྱད་དུ་བཞེས་པ་མཛད་དོ། །དེ་ཉིད་དུ་གདུང་སྒོ་ལས་ཐོན་པའི་གདུང་གི་སིལ་བུ་ཆུང་ངུ་དག་ལས་ངོ་མཚར་བའི་རྟེན་བྱོན་པའང་འདི་ལྟ་ཏེ། དབོན་པོ་ལུང་རིགས་པའི་ཕྱག་ཏུ་འབར་བའི་གདུང་གཞོན་ནུ་ཞིག་ལ་ངོ་བོ་སྐུ་གདུང་ཡུངས་འབྲུ་ལྟ་བུ་གསུམ་བརྩེགས་པ་རྣམ་པ་བདེ་བར་གཤེགས་པའི་མཆོད་རྟེན་གྱི་རྣམ་པ་ཅན་རང་བྱུང། ཆོས་རྗེ་འཇམ་དཔལ་བ་ལ་སྐུ་རྐང་གི་ཏོག་ཞིག་ལ་རིང་བསྲེལ་བ་རཱི་རམ་གྱི་རྣམ་པ་ཅན་ཆེ་བ་སྲན་མ་ཙམ་ལ་ཆུང་བ་ཡུངས་ཀར་ཙམ་མང་པོས་བསྐོར་བ་དང། དབོན་པོ་དོན་དཔལ་བ་ལ་སྐུ་རྐང་གི་མགོ་ཞིག་ལ་རིང་བསྲེལ་གྱི་བྱུང་བུར་བལྟམས་པ། གཞན་ཡང་གདུང་ཁང་གི་ཉེ་འཁོར་དག་ནས་སྐུ་གདུང་ཡུངས་འབྲུ་ལྟ་བུ་སྐལ་བ་དང་ལྡན་པ་ལ་མ་དག་གིས་ཐོབ་པ། གསོལ་བ་འདེབས་པ་རྣམས་ཀྱི་མིག་རྟེན་དུ་གྱུར་པ་ཡིན་ནོ། །དེའི་ཕྱིར་དེ་ཉིད་དུ་གདུང་ཞལ་ཕྱེ་བ་ཉིད་ན་ཞི་འདིའི་གདུལ་བྱ་རྣམས་ཀྱི་བགོ་སྐལ་དུ་ངོ་མཚར་