R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༨བ-༥༢༦
[A:༡༦༨བ-༥༢༦] མུཏ་ལྟར་དཀར་བའི་གདུང་གི་ལྷག་མ་ཙམ་ཞིག་ཞིང་འདིའི་གདུལ་བྱ་སྐལ་བ་དང་མཚམས་འཚམས་པར་སྣང་བ་སྩལ། དེ་ཉིད་ནས་ལེགས་པར་སྤྱན་དྲངས་ཚེ། དབུ་ཐོད་ཀྱི་ཚལ་པ་ཨིནྟྲ་ནཱི་ལ་ལྟ་བུ་ཞིག་ལ་ཆུ་ཤེལ་དཀར་པོའི་རིལ་བུ་ལྟ་བུའི་ཆུ་རིལ་རམ་ཡུངས་འབྲུ་ཙམ་གསུམ་བྱོན་པ། སའི་དབང་མོ་ཡུམ་སྲས་ཀྱི་གཙོས་པའི་དེར་འཁོད་པ་བྱིན་གྱི་དངོས་སྤྱད་དུ་འཛིན་པ་མཛད་ནས། དེ་ཉིད་དུ་མཁའ་ལ་སྤྱོད་པ་རྣམས་ཀྱིས་སྤྱན་དྲངས་ཏེ་མི་སྣང་བར་གྱུར། དེ་ནས་སླར་མིའི་དབང་མོའི་ཐུགས་དད་ཀྱི་རྟེན། འདྲེན་པ་ཉིད་ཀྱི་སྐྱེས་པའི་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་འདེན་བདེན་པ་གསུང་བ་མཚོན་པའི་ལྗགས་ཀྱི་དབང་པོར་རང་བྱུང་དང། ས་སྐྱོང་རྡོ་རྗེ་འཛིན་པ་ཆེན་པོའི་ཐུགས་དད་མི་གཡོ་བའི་ཉེར་སྤྱད་དབུ་ཐོད་དུམ་བུ་ཞིག་ལ་གདུང་ཆུ་རཱི་རམ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟ་བུ་བལྟམས་པ། མི་རྗེ་དགེ་བསྙེན་རིན་ཆེན་ཕུན་ཚོགས་པ་ལ་རྣམ་པ་ཐམས་ཅད་དུ་མགོན་པོ་ཉིད་དང་མི་འབྲལ་བར་བསྙེལ་གསོ་བའི་ཆེད་དུ་ལྡག་པའི་གདུང་ལ་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་རྣམས་ཤིན་ཏུ་གསལ་བ་ཞིག་དང་བཅས་པ་བགོ་སྐལ་དུ་མཛད། རྗེའི་དབོན་ལ་ཕྱིས་ཚོགས་ཀྱི་ཁྲི་ཐོག་ཏུ་ཕེབས་པའི་རྟེན་འབྲེལ་དང་གསོལ་བ་འདེབས་པའི་རྟེན་དུ་དབུ་ཐོད་ཀྱི་དུམ་བུ་ཁ་བའི་མདངས་འཛིན་པ་ཞིག་གི་དབུས་སུ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྐུ་ནམ་མཁའི་མདོག་ཅན་རི་མོར་ཆགས་པ་