R869: ས་སྐྱ་པའི་གདུང་རབས་བཞུགས་པའི་དབུ་ཕྱོགས་ལགས་སོ།།

  • Pagination (Witness A): ༡བ
[A:༡བ]༄༅། ། ཨོཾ་སྭ་སྟི། གུ་རུ་བུདྷ་བོ་དྷི་སཏྭ་བྷྱཿ ན་མོ་ན་མཿ གང་ཞིག་ལྷ་དབང་ཚངས་པ་འཇིག་རྟེན་སྐྱོང་པའི་གཙུག་ནོར་དྲི་མེད་ཀྱིས། །གང་ཞིག་ཞབས་པད་དྲི་མེད་རྟག་བསྟེན་ཆུ་སྲིན་རྒྱལ་མཚན་དཔུང་ཚོགས་རྣམས། །རྣམ་པར་བཅོམ་ཞིང་དྲི་མེད་དམ་ཆོས་འཁོར་ལོ་ཆེར་བསྐོར་གདུལ་བྱ་རྣམས། །སྲིད་པའི་གཟེབ་ལས་ངེས་པར་བསྒྲལ་ཏེ་ཐར་པའི་གྲོང་དུ་འཇུག་མཛད་གང་དེར་འདུད། །ཤེས་བྱའི་མཁའ་ལ་མཁྱེན་པའི་ཆུ་འཛིན་རབ་དཀྲིགས་ནས། །བརྩེ་བའི་ཆར་གྱིས་གདུལ་བྱའི་མྱུ་གུ་བསྐྲུན་མཛད་ཅིང། །ཟབ་ལམ་འབྲུག་སྒྲ་ཆེར་སྒྲོགས་ཐུགས་རྗེའི་གློག་ཕྲེང་གིས། །མི་ཤེས་མུན་སྟུག་དྲུང་ནས་ངེས་འབྱིན་གང་དེ་རྒྱལ། །ཐུབ་པའི་བསྟན་པ་བྱང་ནས་བྱང་གི་ཕྱོགས་སུ་རྒྱས་པར་འགྱུར། །ཞེས་གསུངས་པའི་ཚུལ་བཞིན་དུ། ཇི་ལྟར་བྱོན་ཚུལ་དང། དེ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གདུང་རབས་ཅུང་ཟད་