R869: ས་སྐྱ་པའི་གདུང་རབས་བཞུགས་པའི་དབུ་ཕྱོགས་ལགས་སོ།།

  • Pagination (Witness A): ༤ན
[A:༤ན]༄༅། །དངུལ་ལོངས་སྤྱོད་ཕུན་ཚོགས་ཀྱང།། ཉ་སོགས་རྒྱ་ནང་ཆུད་པ་ཇི་བཞིན་ནོ།། ཏ་ལ་ལ་སོགས་མདོ་རྒྱུད་དུ་མ་རྣམས།། ཐ་རྒོད་དང་འདྲའི་སེམས་འདི་གདུལ་ཕྱིར་གསུངས།། ད་དུང་རང་གི་སེམས་ལ་མི་ལྟ་ན།། ན་བུན་བཞིན་དུ་ནམ་ཞིག་ཡལ་གྱུར་ཀྱེ།། པ་ལཀྵ་ལྟར་གཡོ་བའི་རིག་པ་འདི།། ཕ་མཐའ་མེད་པའི་འཁོར་བར་ཡང་ཡང་འཁོར།། བ་མོས་ཕོག་པའི་རྩ་ཟིལ་དྲན་གྱིས་ལ།། མ་ཡེངས་དམ་པ་བསྟོན་ཅིག་རིགས་ཀྱི་བུ།། ཙ་ཀོ་ར་ལྟར་གཅིག་པུར་གནས་བྱ་ཞིང།། ཚ་ཟེར་སྐྱོབ་པའི་གནས་སུ་ཤིང་དྲུང་བསྟེན།། ཛ་གུར་ལྟར་དུ་ལུས་སེམས་དངུལ་གྱིས་ལ།། ཝ་ལེ་ལྟ་ཞིང་མ་ཡེངས་དང་ལ་ཞོག།། ཞ་ལོང་འོན་སོགས་སྤངས་པའི་དལ་འབྱོར་འདི།། ཟ་འོག་ལྟ་བུའི་སྣང་བས་སླུ་འབྲིད་བྱས།། འ་འུ་དར་དིར་སྙན་གྲགས་རྨི་ལམ་འདྲ།། ཡ་མཚན་འཁྲུལ་སྣང་ད་ལྟ་བཅད་ན་ལེགས།། ར་བས་བསྐོར་བའི་ཉེས་པའི་བཙོན་ར་ནས།། ལ་གོར་ཕྱི་ཤོལ་མ་བྱེད་འབྲོས་ན་རན།། ཤ་ཁྲག་རུས་དང་རིག་པ་ནམ་ཞིག་འབྲལ།། ས་ལམ་ཚེ་འདིར་བགྲོད་ན་མི་ལེགས་སམ།། ཧ་ཅང་ཐལ་བའི་རང་སེམས་ཆུད་ཟོས་ལ། ཨ་ཝ་ཌྷུ་ཏི་རིན་ཆེན་རྣམ་རྒྱལ་གྱིས།། ཨ་སོགས་ཡི་གེ་སྤེལ་བའི་སྙིང་གཏམ་བཤད།། ཨ་ལ་ལ་ཧོ་སེམས་ལ་ཕན་པར་ཤོག།། ཅེས་པ་རང་གི་སེམས་ལ་གྲོས་འདེབས་པའི་ཡི་གེ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་སྦྱར་བའོ།། དགེའོ།། གཅིག་ཞུས།།