[A:༢ན]༄༅། །འཁོར་བ་དང་ལུག་ལོ་ལ་མཇལ། གནམ་མཆོད་པའི་རྒན་མགོ་ཐོབ། བསྟན་པ་རྒྱས་པར་མཛད། བླ་མ་དེ་དགུང་ལོ་བདུན་བཅུ་བཞེས་པ་ལྕགས་མོ་ཕག་གི་ལོ་སྨལ་པོ་ཟླ་བའི་བཅུ་བཞི་ལ་བྱང་ངོས་སུ་གཤེགས། གཅུང་པོ་ཟངས་ཚ་བསོད་ནམས་རྒྱལ་མཚན་ཤིང་པོ་འབྲུག་རྟ་ཟླ་བའི་ཉི་ཤུ་བརྒྱད་ལ་འཁྲུངས་པ། དན་སྐྱི་ལྕགས་རི་བཏང། ལྔ་བཅུ་རྩ་དྲུག་པ་ས་མོ་ཕག་རྒྱལ་ཟླ་བའི་ཉི་ཤུ་གསུམ་ལ་འདས། དེ་དང་ཇོ་ཇོ་དཀོན་མཆོག་སྐྱིད་ཀྱི་སྲས་གཉིས། གཅེན་པོ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཤིང་མོ་ལུག་ལ་འཁྲུངས། དགུང་ལོ་བཅུ་པ་ལ་ཁོ་བོའི་ཕྱགས་ཕྱི་ལ་བྱང་ཕྱོགས་སུ་བྱོན། ཕྱིས་རྒྱལ་པོ་གོ་དཔེ་ལ་ལུང་པ་ཤན་ན་བཞུགས་པ་ལ། བྱང་ངོས་པའི་རྒྱལ་བུ་མོང་གོ་ད་དང་སློབམ་ལྷན་དུ་བྱོན་ནས་མཇལ་བས་མཉེས་ནས་རྒྱལ་བུ་བྱང་ངོས་པ་ལ་ཧོར་གྱི་ལྷ་པ་བརྒྱ་སྐོར་གཅིག་བྱོན་ནས་ས་སྐྱ་པ་བླངས། དབང་བསྐུར། དེ་ནས་ཡོན་མཆོད་དུ་འབྲེལ་ཏེ། སེ་ཆེན་རྒྱལ་སར་བྱོན། ཕྱིར་བཅད། གུ་ཤྲི། ཏི་ཤྲི་རིམ་པས་བསྐོས། རྒྱལ་ཁམས་ཀྱི་བསྟན་པའི་བདག་པོ་མཛད། དགུང་ལོ་བཞི་བཅུ་ཞེ་དྲུག་པ་ལྕགས་ཕོ་