[A:༣བ] གསུམ་པ་བླ་མ་ཀུན་དགའ་རྒྱལ་མཚན་པ། ཡི་སུན་ཐི་མུར་རྒྱལ་པོའི་དུས་སུ་ཆང་གུའི་གུང་མཛད། རྒྱལ་པོ་མཇའ་ཡ་ད་རིན་ཆེན་དཔལ། གོང་མ་ཐོག་གོར་ཐི་མུར་གསུམ་གྱི་རིང་ལ་ཏི་ཤྲཱི་མཛད། མ་གཅིག་མཁའ་རྒྱལ་མོའི་སྲས་སློབ་དཔོན་ནམ་མཁའ་བཤེས་གཉེན། གཉིས་པ་བླ་མ་ནམ་ལེགས་པ་གུ་ཤྲི་དང། བཞི་ཐོག་གི་བདུན་ས་མཛད། གསུམ་པ་སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་པ་གོང་དུ་བྱོན། བཞི་པ་བུ་ཆུང་ལ་འདུས། མ་གཅིག་གཞོན་ནུ་འབུམ་གྱིས་སྲས། སློབ་དཔོན་ཆེན་པོ་ཀུན་དགའ་ཉི་མ། གོང་དུ་ཏའི་དབེན་གུ་ཤྲི་མཛད། གཉིས་པ་སློབ་དཔོན་ཆེན་པོ་དོན་ཡོད་རྒྱལ་མཚན་པ་ཏའི་དབེན་གུ་ཤྲི་དང་ས་སྐྱའི་བླ་ཆོས་མཛད། གསུམ་པ་སློབ་དཔོན་ཆེན་པོ་བསོད་ནམས་རྒྱལ་མཚན་པ་གུ་ཤྲི་དང་བཞི་ཐོག་བདུན་ས་མཛད། བཞི་པ་བུ་ཆུང་ལ་འདུས། མ་གཅིག་ཉི་མ་རིན་ཆེན་གྱི་སྲས་སློབ་དཔོན་ཉི་མ་དཔལ། སྲས་མོ་སློབ་དཔོན་མ་ཀུན་དགའ་འབུམ། གཅུང་པོ་སློབ་དཔོན་ཆེན་པོ་ཀུན་དགའ་ལེགས་པའི་རྒྱལ་མཚན་པ་སྲས་མོ་མུན་དྷ་གན་ད་སྟོབས་ནས་དབང་མཛད། བསོད་ནམས་བཟང་པོས་དབང་སྲས་མོ་མུན་དྷ་གན་གྱི་སྲས་སློབ་དཔོན་རད་ན་གུ་ཤྲི་མཛད། བླ་མ་ཀུན་དགའ་རྒྱལ་མཚན་པ་དང་ལང་རིངས་སེ་ཏུའི་ཡུམ་གྱི་སྲས་སློབ་དཔོན་ཆེན་པོ་ཆོས་ཀྱི་རྒྱལ་མཚན་པ་ཆང་གུའི་གུང་མཛད། ཀུན་སྤངས་པའི་ལྕམ་མའི་སྲས་སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་པ། དབང་དང་། ཁང་གསར་ཨོན་མའི་སྲས་མོ་སློབ་དཔོན་མ་བསོད་ནམས་འབུམ། སྲས་བློ་གྲོས་ཆེན་པོ་བསོད་ནམས་བློ་གྲོས་པ་དང། གཅུང་པོ་སློབ་དཔོན་ཆེན་པོ་གྲགས་