R875: དཔལ་ལྡན་ས་སྐྱ་པའི་གདུང་རབས་རགས་པ་དང་དཔོན་ཆེན་རིམ་པ་རྣམས་ཡོད།

  • Pagination (Witness A): ༤ན
[A:༤ན]༄༅། །པ་རྒྱལ་མཚན་པ། ཆོས་རྗེ་ཁུ་དབོན་གྱི་སློབ་མ་ཤར་ནུ་གུང་གསུམ་དུ་གྲགས་པ། བླ་བྲང་ཤར་པའི་གདུང་རབས་ནི། གདུང་རུས་ཞང་ཞུང་སྔགས་རྙིང་མ་བ་ཇོ་འབུམ་ཞེས་པའི་སྲས་སྐུ་མཆེད་གསུམ་ལས གཅེན་པོ་བླ་མ་ཤར་པ་ཤེས་རབ་འབྱུང། ཆོས་རྗེ་པ་ལ་རབ་ཏུ་བྱུང། དཔོན་ཤཱཀྱ་བཟང་པོ་ལ་ངོ་ལྟོས་ནས་བླ་བྲང་ཤར་བཟུང། དགུང་ལོ་དྲུག་བཅུ་རྩ་བཞི་ཐུབ། གཉིས་པ་བླ་མ་རྡོར་རྗེ་འོད་ཟེར། ཤར་གྱི་བདུན་ས་ལོ་བདུན་མཛད། དགུང་ལོ་དྲུག་བཅུ་རྩ་བཞི་ཐུབ། གསུམ་པ་སློབ་དཔོན་འོད་ཟེར་འཕན་སྟོན་དགེ་བསྙེན་ཡིན། ཁོང་སྐུ་མཆེད་སྐྱིད་ལྕམ་མོའི་སྲས་བླ་མ་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་པ་དང་ཤར་པ་ཤེས་རབ་འབྱུང་གིས་སློབ་མ་ཡིན། གོང་དུ་སེ་ཆེན་དང་མང་གྷ་ལའི་བླ་མཆོད་མཛད། བླ་མ་རྡོ་རྗེ་འོད་ཟེར་གཤེགས་རྟིང་ཤར་གྱི་གདན་ས་ལོ་བཅུ་དགུ་མཛད། དགུང་ལོ་དྲུག་བཅུ་རྩ་དྲུག་ཐུབ། ཤར་པ་ཆེན་པོ་རབ་ཏུ་མ་བྱོན། གོང་གི་སྲས་ཆུག་པོ་རྗེ་བཙུན་སྐྱབས་ལ་འཁྲུངས་པའི་སྲས་གསུམ་བཀའ་འགྲོ་མགོན་འཕགས་པའི་སློབ་མ་ཡིན། གཅེན་པོ་བླ་མ་དུས་འཁོར་བ་ཡེ་ཤེས་ཤེས་རབ་རིན་ཆེན་བླ་མ་འཕགས་ཤི་ཁུན་ན་བཞུགས་པ་གདན་འདྲེན་པ་ལ་ས་སྐྱ་པས་བརྫངས། ཕྱིས་རྒྱ་ཡུལ་དུ་བྱོན། སེ་ཆེན་རྒྱལ་པོ་ཐུགས་ལ་བརྟགས་ནས་ཏི་ཤྲི་མཛད། དགུང་ལོ་བཞི་བཅུ་ཞེ་བདུན་ལ་རྩེ་ལྔར་གཤེགས། སྲས་གཉིས་པ་བླ་མ་དམ་པ་ཀུན་དགའ་སེང་གེ་བླ་མའི་གསུང་བཞིན་གོང་དུ་བྱོན། གོང་མ་དང་རྒྱལ་བུ་ཨ་དན་ཏའི་བླ་མཆོད་མཛད།