[A:༢༦༡ན]མགོན་ཡོན་ཏན་རྒྱ་མཚོའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཤཱཀྱ་རཀྵི་ཏ། བུདྡྷ་སྭ་མཱི། སུ་ཛ་ཏ། སཱདྷུ་ཛྙཱ་ན། སཾ་པྲ་ཀཱིརྟི། བྲམ་ཟེའི་སློབ་དཔོན་བེ་དཱ་བེནྡྷུ། བཱི་ར་མི་ཏྲ། པཱུརྞ་བཛྲ། རྗེ་ཏཱ་ར་ནཱ་ཐ། རྗེ་རིན་ཆེན་རྒྱ་མཚོ་སོགས་རིན་འབྱུང་སྤྱིའི་བརྒྱུད་པ་ལྟར་དང་། ཐུབ་དབང་བཀའ་གདམས་ལྷ་བཞི་ལྟར་རོ། །
ལུང་ལ། རྫོགས་པའི་སངས་རྒྱས་དཔའ་བོ་བདུན་གྱི་སྒྲུབ་ཐབས་ཆོ་ག་རིག་གཏད་བཅས་པ། ཐུབ་དབང་ཉེ་བའི་སྲས་བརྒྱད་ཀྱི་སྒོམ་བཟླས་དང་འབོགས་ཚུལ། མཆོད་ཆོག །བསྟོད་ཆེན་རྒྱ་མཚོ་རྣམ་བརྒྱད་བཅས་རྗེ་དེ་ཉིད་ལས། འཇམ་དབྱངས་མཁྱེན་བརྩེ་སོགས་འདྲའོ། །མཚན་བརྒྱ་རྒྱུད་འབུམ་ལྟར་རོ། །ཤཱཀྱ་རཀྵི་ཏའི་ལུགས་ཀྱི་རྣམ་རྒྱལ་མ་གཙོ་རྐྱང་ཡང་གོང་དང་འདྲའོ།
༈ ཞི་བྱེད་ལུགས་ཀྱི་ཁྲོས་ནག་གསུང་སྒྲུབ་བྱིན་རླབས་བརྒྱུད་པ་ནི། དམ་པ་སངས་རྒྱས། གྲོག་ཆུང་དཀོན་སེང་། ཤངས་པ་ལུ་ལྡེམས། དེ་ནས་མཁའ་འགྲོ་མའི་བླ་མ་བཞི་ལས་