[A:༢༦༡བ]བརྒྱུད་དེ། ལབ་སྒྲོན། ཁྱི་རྫི་མ། གཅེར་བུ་མ། འབེར་མོ་རོ་ཟན། དེ་ནས་རྒྱལ་བ་ཏེ་ནེ་ནས་རིམ་པར་བརྒྱུད་པ་སྤྱི་དང་འདྲ་བས། རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། དེ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསན་པ་མན་ཆད་འདྲའོ། །
༈ རྗེ་ངག་དབང་རྣམ་རྒྱལ་གྱི་ཡིག་སྟེང་ནས་ཁྲོས་ནག་ལྷ་ལྔའི་དབང་བསྐུར་ལུང་བཅས། སྟག་ལུང་པ་ངག་དབང་ཆོས་ཀྱི་ཉི་མ། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ། དེ་ལས་མཁྱེན་བརྩེས་སོ། །
༈ གོང་དུ་མ་སོང་བ་སླར་རྙེད་པ། ས་ལུགས་གྲུབ་རྒྱལ་མའི་བརྒྱུད་པ། ཀུན་བློ་ནས། དབང་སྡུད་སྙིང་པོ། ཀུན་དགའ་རིན་ཆེན། རྡོ་རྗེ་རིན་ཆེན། བློ་གསལ་བསྟན་སྐྱོང་། དེ་ལས་མཁྱེན་བརྩེས་གསན་པར་བྱས་སྣང་། ངོར་ལུགས་ཐར་པཎ་གྱི་ཡིག་སྟེང་ནས་ནི། མུས་ཆེན་སངས་རྒྱས་རིན་ཡན་ས་ལུགས་དང་འདྲ། དེ་ནས་ལྷ་མཆོག་སེང་གེ །
ཐར་རྩེ་པཎ་ཆེན། ཤར་ཆེན་ཀུན་དགའ་བཀྲ་ཤིས། ནམ་མཁའ་སངས་རྒྱས། ཧོར་ནམ་མཁའ་དཔལ་བཟང་།