[B:17a]པར་ཐུགས་ནས་བཤད་པས་ཀུན་ཡ་མཚན་དུ་འཛིན་པར་གྱུར། དེ་ནས་ཁྲོ་ཕུར་ཁ་ཆེ་པཎ་ཆེན་ཕེབས་པའི་དྲུང་དུ་བྱོན། ཆོས་མཆོག་རྒྱ་སྐད་དུ་གསུངས་པ་ལ་བདེ་དཔེ་བཀྲམས་ནས་གསན་ཅིང་རྒྱ་སྐད་དུ་སྦྱར་བས། པཎ་ཆེན་ཤིན་ཏུ་དགྱེས་ནས་
ཁོང་དཔོན་སློབ་རྣམས་ཀྱིས་པཎྜི་ཏ་ཆེན་པོར་མཚན་གསོལ་ཏེ་
རྗེས་སུ་བཟུང་། ཚད་མ་སྡེ་བདུན་མདོ་དང་བཅས་པ་དང་། རྒྱན་ཆོས་མཆོག་ལྷ་ཤཱཀ་ལ་སོགས་པའི་འགྲེལ་པ་ལ་འགྲེལ་བཤད། དེ་བཞིན་དུ་མངོན་པ་འདུལ་བ་སྔགས་ཀྱི་བདེ་མཆོག་གསང་འདུས། ཁྱད་པར་དུས་འཁོར་ཆ་ལག་སེམས་འགྲེལ་གསུམ་ལ་སོགས་པ་གསན། པཎ་ཆུང་དཱ་ན་ཤི་ལ་ལ་ཡང་གཙོ་བོར་ཚད་མ་རྣམ་འགྲེལ། གཤིན་རྗེ་གཤེད་སྐོར་ལ་སོགས་པ་གསན། བལ་པོ་སཾ་གྷ་ཤྲཱི་ལ་སྒྲ་ཀ་ཙན། སྙན་ངག་སྡེབ་སྦྱོར། མངོན་བརྗོད་མེད་ཟློས?མདོསགར་ལ་སོགས་གསན། སྤྱི་ལྷས་པ་བྱང་ཆུབ་འོད་དང་། རྩིས་པ་དབང་ཕྱུག་སེང་གེ་ལ་ཡང་བྱམས་ཆོས་དབུ་མ། བསླབ་སྤྱོད་ལ་སོགས་པ་དང་། ཁྱད་པར་སྤྱི་ལྷས་པ་ལ་མན་ངག་ཞི་བྱེད་རྫོགས་
[A:36]ཆེན༑ རིམ་ལྔ། ནཱ་རོ་ནི་གུ་ལ་སོགས་པ་བོད་ན་ཡོད་ཚད་གསན་ཏེ། ལན་རེ་ཟུང་རེ་ཙམ་གྱིས་རྫོགས་པར་ཐུགས་སུ་ཆུད་དོ། །དགུང་ལོ་ཉེར་བདུན་པ་ལ་པཎ་ཆེན་གྱིས་མཁན་པོ། སྤྱི་ལྷས་པས་ལས་སློབ། ཞུ་སྟོན་རྡོ་རྗེ་སྐྱབས་ཀྱིས་གསང་སྟོན་བྱས་ནས་དགེ་འདུན་གྲངས་དང་མཚན་ཉིད་ཚང་པའི་དབུས་སུ་ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ་རབ་བྱུང་བསྙེན་རྫོགས་མཛད། འཁོན་ས་སྐྱ་པའི་གདུང་རྒྱུད་ཀྱི་ནང་ན་ངུར་སྨྲིག་གི་རྒྱན་འཆང་བའི་གཙུག་རྒྱན་ཐོག་མ་མཛད་དེ། གངས་ཅན་པ་ཐམས་ཅད་རབ་ཏུ་བྱུང་བ་ལ་ཆེས་གཙོ་བོར་གུས་པར་བྱ་བའི་རྒྱུན་