R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • ཤོག་ལྷེ། (མ་དཔེ། B): 30a
[B:30a]གཤེགས་སོ། ༑འདི་ལ་སྲས་གསུམ་བྱེས་པའི་བྱང་པ་མ་ཅིག་སྲས་མོ་ལྷ་རིན་པ་ལ་སྲས་ཏ་དབེན་ཀུན་ལེགས་པ་དང་། དབང་རྣམ་སྲས་པ། མ་ཅིག་ལྷ་འདྲེན་ལ། འཇམ་དབྱངས་ཆོས་རྒྱལ་བ་དང་། ལྕམ་མོ་གཅིག་དང་། ཐོང་ཇི་དཔོན་མོ་ལ། རྣམ་རྒྱལ་གླིང་དུ་བྱོན་པའི་བྱང་སེམས་བསོད་ནམས་རྒྱལ་མོ་བ་རྣམས་སོ། །ཏ་དབེན་པ་ནི། ཡབ་དགུང་ལོ་ཉེར་གཉིས་པ་ས་མོ་བྱ་ལ་འཁྲུངས། སྐུ་ཡོན་ཁྱད་པར་ཅན་དང་ལྡན། རྒྱལ་པོས་
ཏ་དབེན་
གུ་ཤྲིའི་ལུང་གནང་། རྟ་ནག་སྐོར་གྱི་ཞལ་བདག་མཛད། དགུང་ལོ་ཉེར་བརྒྱད་པ་ལ་རྟ་ནག་རི་ཁུད་ཀྱི་གཟིམ་ཁང་གསེར་ཁང་དུ་གཤེགས་སོ། །བདག་ཆེན་རྣམ་སྲས་རྒྱལ་མཚན་པ་
[A:63]ནི། ཡབ་དགུང་ལོ་ཉེར་ལྔ་པ་ལྕགས་ཕོ་བྱི་བ་ལ་འཁྲུངས། གཞོན་ནུ་ནས་ཧོར་རྒྱལ་པོ་ཐོ་གན་གྱིས་རང་གི་སྲས་ཆེ་བ་དང་མཉམ་པའི་ལས་ཁ། རཱི་ཙི་དབང་གི་མཚན་གསེར་དམ། གསེར་སྒོར། དངུལ་སྒོར། ཁྲིམས་ར་བརྒྱད། ཁྲིམས་ཀྱི་ཐས་པ། ཕིང་གཅིག་པའི་ཧུ་ཤྲི། ཉི་མ་ནུབ་ཀྱི་ཕྱོགས་ཤེས་སུ་བཅུག་པའི་ལུང་བཟང་པོ་དང་བཅས་པ་གནང་། ཁྲིམས་གཉིས་ཀྱི་ཕྲིན་ལས་མཛད། མཁས་གྲུབ་མང་དུ་བསྟེན། ཁྱད་པར་ཇོ་བོ་དཔལ་ལྡན་ཨཏི་ཤའི་རྣམ་འཕྲུལ་ལོ་ཆེན་སྐྱབས་མཆོག་པ་ལ་སངས་རྒྱས་དངོས་ཀྱི་དད་པ་ཐོབ། ཅི་གསུང་གསན། ཆོས་རྗེ་གནམ་གསུམ་གྱིས་གནམ་རྩེ་ལྡེང་དུ་ཆོས་འཁོར་མཛད་ནས། ལོ་ཆེན་འབྲི་ཁུང་པའི་ས་ཆར་བཞུགས་དགོས་པའི་ཞུ་འབུལ་དྲག་པོ་བྱུང་། ངོ་ཆེན་རྗེ་བཙུན་ཙོང་།ཁ་པས་མཛད། ཐུགས་ཐག་ཆོད་མཚམས། བདག་