[B:31a]སྤྱིར་ཐུགས་དམ་བསམ་གྱིས་མི་ཁྱབ། ཁྱད་པར་སྦྱོར་བ་ཡན་ལག་དྲུག་པ་ལ་མངའ་བརྙེས། ཡོས་ཞལ་ལ་ཕྱག་འཕྲེང་གི་རྗེས་དོད་པ་ལ་སོགས་པའི་གྲུབ་རྟགས་མང་དུ་བསྟན། གཞན་ཕན་དང་ཐུགས་དམ་ལ་རྩེ་གཅིག་པའི་སེམས་དཔའ་ཆེན་པོར་བཞུགས་པའི་ངང་ནས་དགུང་ལོ་བདུན་ཅུ་པ་ས་ཕོ་སྤྲེའུ་ལོ། ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ་མེ་ཏོག་ལ་སོགས་པའི་ཡ་མཚན་དུ་མ་དང་བཅས་ཏེ། གཡས་རུ་སྲིན་པོ་རིའི་རྣམ་རྒྱལ་སྒང་གི་གཟིམས་ཁང་དམར་པོར་གཤེགས་སོ། །བདག་ཆེན་རྣམ་སྲས་པ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་ནི། བདག་པོ་ཀུན་བློ་བ་སྟེ། ཐུགས་རབ་ཆེ་ཚད་ཐུབ། ཚད་མ་སོགས་ལ་སྦྱངས། ཐུགས་དམ་བཟང་། རྟ་ནག་སྐོར་དུ་བཞུགས། བྱིན་བརླབས་ཤིན་ཏུ་ཆེ་བའི་ངང་ནས་ས་
[A:65]སྐྱ་རིན་ཆེན་སྒང་དུ་གཤེགས་སོ། །བཅུང་དབང་ནམ་ལེགས་པ་ནི། ཡ་འབྲོག་མ་གཅིག་བསོད་ནམས་འབུམ་ལ། ཡབ་དགུང་ལོ་བཞི་བཅུ་པ་ས་མོ་ཡོས་ལ་འཁྲུངས། སྐུ་མཛེས། གསུང་བཟང་། ཐུགས་གསལ། གཞོན་ནུ་ཉིད་ནས་བརྟག་པ་གཉིས་པ་ལ་སོགས་པའི་གསན་སྦྱོང་ཡང་མཛད། ཁྱད་པར་བདག་གི་མཁན་པོ་འབྲོམ་སྟོན་སེང་གེའི་མཚན་ཅན་ལ་མོས་གུས་རྩེ་གཅིག་ཏུ་མཛད། སྐུ་པང་དུ་དབུ་བརྩུགས་ནས་གཟིམས། གང་གསུང་སྒྲུབ། ཆོས་འཁོར་སྒང་དུ་སྐུ་རིམ་ཟླ་ཇ༑ ན་བཟའ་རྩི་གོས་ཀྱི་འགྱེད་ནར་མ་མཛད། སྐུ་བསོད་འཕེལ་བའི་སྟོབས་ཀྱིས་དགུང་ལོ་བཅུ་དྲུག་པ་ལ། ཞུ་འཕེན་སོགས་འབད་རྩོལ་གང་ཡང་མི་དགོས་པར། ཐེག་ཆེན་ཆོས་རྒྱལ་རྗེས་ཞུས་ནས། གོང་མ་རྟའི་མིང་རྒྱལ་པོས་ཧུ་ཀྱ་ཧཱོ་ཝང་གི་མཚན་དང༑ གསེར་དམ་