R95: དཔལ་ལྡན་ཞྭ་ལུ་པའི་བསྟན་པ་ལ་བཀའ་དྲིན་ཆེ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་ལོ་རྒྱུས་ངོ་མཚར་དད་པའི་འཇུག་ངོགས།

  • Pagination (Witness A): ༡༠༣
[A:༡༠༣]བུ་སྟོན་ཞབས་ཀྱི་གསུང་རབ་ཀྱང་འགའ་རེ་པར་བརྐོས་མཛད། ཞྭ་ལུའི་གདན་ས་སྔ་རྟིང་དྲིལ་བས་ལོ་ལྔ་བཅུ་ང་གཉིས་ཀྱི་བར་བཟུང་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། དབུས་གཙང་གི་ལྗོངས་སུ་དམག་འཁྲུག་འགའ་རེ་བྱུང་བའི་ཚེ་ཡང་རྗེ་འདིས་ཞི་བར་མཛད་ནས་ཐམས་ཅད་བདེ་བ་ལ་བཀོད་པའི་ལོ་རྒྱུས་མང་དུ་སྣང་། Sojourn in dBus ཕྱིས་སྐུ་ན་ཤིན་ཏུ་བགྲེས་པར་གྱུར་པ་ན་དབུས་སུ་ལན་ཅིག་ཕེབས་ཏེ་ཆོས་རྒྱལ་སྣེའུ་གདོང་པ་སོགས་ མིའི་དབང་པོ་རྣམས་དང་དབུས་ཕྱོགས་ཀྱི་གྲྭ་བུ་སློབ་དུ་མའི་ཆོས་འདོད་ཀྱི་རེ་བ་བསྐང་ཞིང་ལྷ་སར་ཟླ་བ་གཅིག་གི་བར་ཇོ་བོའི་དྲུང་དུ་ཕྱག་མཆོད་སྨོན་ལམ་མཛད་ཅིང་བཞུགས། སླར་ཞྭ་ལུར་ཕེབས་ནས་ཆོས་སྡེ་ཆེན་པོའི་བླ་མ་ལས་སྣེ་སོགས་སྡེའི་ཁུར་འཛིན་རྣམས་བླ་བྲང་དུ་བསྐོངས་ནས་བསྙེན་བཀུར་གྱི་སྟོན་ཆེན་བཟང་པོ་ཞིག་མདད་པའི་ཐོག་ཏུ་རྗེ་ཉིད་ཀྱི་ཞལ་ཏ་འདི་ལྟར་མཛད། ། །།རང་རེ་ཞྭ་ལུ་གསེར་ཁང་གི་གཙུག་ལག་ཁང་ཆེན་པོ་འདིབོད་ཀྱི་རྡོ་རྗེ་གདན་གཉིས་པ་ལྟ་བུ་ཡིན་ཅིང་། སངས་རྒྱས་གཉིས་པ་ལྟ་བུའི་བུ་སྟོན་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱིས་སངས་རྒྱས་ཀྱི་བསྟན་པའི་སྲོལ་ཆེན་པོ་བཙུགས་ཏེ་དར་ཞིང་རྒྱས་པར་མདད་པའི་ཆོས་སྡེ་གཞན་དང་མི་འདྲ་བ་ཡིན་ནའང་། བར་སྐབས་སུ་ཡན་ཕྱིན་གྱི་མི་བསམ་ཤེས་མེད་པ་འགའ་ཞིག་གི་བྱེད་འཕྲིན་ལ་བརྟེན་ནས་ས་ལའང་ཡོ་འཁྱོམས་ཆེ་བ་ལོང་ཚད་བྱུང་ན་ཡང་། ཐམས་ཅད་མཁྱེན་པ་ཆེན་པོའི་ཐུགས་རྗེའི་འཕྲིན་ལས་དང་། རང་རེའི་ཆོས་སྐྱོང་རྣམས