R964: ཆོས་ལུང་པ་ཆོས་གྲགས་པའི་རྣམ་ཐར།

  • ཤོག་ལྷེ། (མ་དཔེ། B): 5a
[B:5a]གསུངས། སྦུབས་ཀྱི་ཆུ་ཚན་ལ་བྱོན་པས། གཞི་བདག་གིས་ཆུ་འཕྲུལ་སྟོན་ནས། གཙང་པོ་སྐྱིལ་བས་ཕྱག་ཕྱི་བ་རྣམས་ཆུས་ནུབ་སྟེ་འཆི་བ་འདྲ་ཟེར་བའི་དུས་སུ་ཐུགས་དམ་ལ་མཉམ་པར་བཞག །གཞི་བདག་ལ་བཀའ་བསྒོ་མཛད་པས་སྐད་ཅིག་ལ་རྨི་ལམ་བཞིན་དུ་སངས་པ་དང་། གནམ་རི་མོའི་ཀོ་སར་ཀོ་བསྟི་བྱས་ལོ་རེ་བཞིན་ཀོ་བ་སྡིབ་ཁྱད་པར་ལོ་གཅིག་ལ་ཀོ་བ་ཐེངས་བཞི་སྡིབ་པའི་སྐབས་སུ་ལྷ་འདྲེ་ལ་བཀའ་བསྒོ་མཛད་པས་སྲི་སངས། Founding sNye thang lha chen mo སྣེསྡེ་པ་དཔོན་ནམ་མཁའ་བཟང་པོས་ལྷ་སར་གདནབདན་དྲངས་དུས་གཉན་མཁར་ནག་གི་མདུན་གྱི་བྲག་གདོང་འདི་ལ་བདེ་བར་གཤེགས་པའི་སྐུ་གཟུགས་གཅིག་བཞེངས་ན་སེམས་ཅན་མང་པོ་ལ་མཐོང་ཐོས་དྲན་རེག་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོང་བརཔར་འདུག་གསུངས་པས། ལྷ་འདྲེ་གཉན་དྲགསསྙེན་གྲགས་ནས་དེ་འདྲ་སུས་ཀྱང་ནུས་པ་མེད་ཟེར་བ་ལ། ངེད་ཀྱིས་གཏོར་མ་དང་བཀའ་བསྒོབགོ་བྱས་པས་ཆོག་གསུངས་ནས་བྲག་གདོང་ལ་སྟོནབསྟོན་པ་བདེ་བར་གཤེགས་པའི་སྐུ་གཟུགས་ཁྱད་པར་ཅན་གཅིག་བཞེངས་པས་ལྷ་བྲིས་པ་དང་མགོ་ལུང་པ་ལག་གཡོག་སོགས་སུ་ལ་ཡང་གནོད་འཚེམཚེ་སྤུ་ཙམ་གཅིག་མེད་པར་གྲུབ་ནས་རབ་ཏུ་གནས་པ་མཛད་སེམས་ཅན་མང་པོཔོའི་མཐོང་ཐོས་དྲན་རེག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་རྟེན་དུ་བཞུགས།
ར་ག་བྲག་ཏུ་སྐུ་མཚམས་ལ་བཞུགས་