R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 199
[A:199]ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཐེལ་མཁན་པོ་གྲགས་རྡོར་བ། དྲུང་བྱང་ཆུབ་རྡོ་རྗེ། འཇམ་དབྱངས་རིན་རྒྱལ་བ། མཁན་ཆེན་ཟླ་བློ་བ། མཁན་ཆེན་ཉི་མ། མཁན་ཆེན་ཀུན་བློ་བ། པཎ་ཆེན་ངོ་མཚར་རྒྱ་མཚོ། མར་སྟོན་སེམས་དཔའ་ཆེན་པོ། རྡོ་རྗེ་འཆང་སྔགས་རམས་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ། གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མན་འདྲའོ། །ཡང་ན་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང༌། ཇོ་བོ་རྗེ་མན་འདྲའོ། ༈ །རྡོ་རྗེ་རྣམ་འཇོམས་དཀར་པོ་ལྷ་བཅོ་ལྔའམ་བཅུ་དགུ། བྱ་རྒྱུད་རྡོ་རྗེའི་རིགས་ལས། རྡོ་རྗེའི་རིགས་ཀྱི་བདག་པོ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་དང༌། དེའི་བཤད་རྒྱུད་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ནས་གསུངས་པ། སློབ་དཔོན་ས་ཝ་རི་པའི་མན་ངག་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་ཡི་གེ་ནས་དབང་ཐོབ་པའི་བརྒྱུད་པ་ནི། རིགས་བརྒྱའི་ཁྱབ་བདག་སངས་རྒྱས་རྡོ་རྗེ་འཆང༌། །ཡེ་ཤེས་མཁའ་འགྲོའི་དབང་མོ་སེང་གདོང་མ། །མཆོག་གི་དངོས་གྲུབ་བརྙེས་པའི་ས་ཝ་རི། །སྲིད་ཞིའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་ཛ་ཝ་རི་པའི་ཞབས། །དེ་སྲས་དེ་ཝ་པུརྞ་མ་ཏི་རྗེ། །འཇིག་རྟེན་མིག་མཁན་
དཔྱལ་
ལོ་ཆེན་ཆོས་བཟང་མཆོག །གསུང་རབ་མཚོ་ལས་རིན་ཆེན་དངོས་གྲུབ་ཐོབ། །ཐར་པའི་ས་མཁན་བཞི་ལ་གསོལ་བ་འདེབས། །འཆད་རྩོད་རྩོམ་ལ་དབང་བསྒྱུར་
དམར་སྟོན་
ཆོས་རྒྱལ་ཞབས། །བདག་མེད་རྟོགས་པའི་ཤེས་རབ་བླ་མར་གྲགས། །གཞུང་ལུགས་རྒྱ་མཚོར་མངའ་འབྱོར་ཤེས་རབ་འབུམ། །ས་གསུམ་སྙན་པའི་གྲགས་པ་རྡོ་རྗེས་ཁྱབ། །བསྟན་པའི་བྱ་བར་དར་མ་བྱང་ཆུབ་ཆེ། །བསྟན་པའི་