R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 204
[A:204]ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་བསོད་ནམས་མཆོག་གྲུབ། རྩ་བའི་བླ་མ་ཆེན་པོ་རིན་ཆེན་བཟང་པོ། དེས་བདག་ཕྲིན་ལས་རྣམ་རྒྱལ་ལའོ། ། ༈ འཕགས་པ་འོད་ཟེར་དྲི་མ་མེད་པའི་དཀྱིལ་འཁོར་དུ་དཀྱིལ་ཆོག་བུས་མཛད་པ། ལྷ་བཙུན་རྣམ་རྒྱལ་བའི་ཡི་གེའི་
རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་ལྷན་ཐབས་
སྟེང་ནས་དབང་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་འཇམ་དབྱངས། མཁན་ཆེན་ཞི་བ་འཚོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ཁྲི་བཙན་པོ། སད་ན་ལེགས། ལྷ་སྲས་གཙང་མ། འོད་སྲུང༌། དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། ཁྲི་བཀྲ་ཤིས་མགོན། ལྷ་བླ་མ་ཡེ་ཤེས་འོད། ལྷ་བཙུན་བྱང་ཆུབ་འོད། ཕོ་བྲང་ཞི་བ་འོད། མངའ་བདག་འོད་ལྷེ། མངའ་བདག་རྩེ་ལྷེ། མངའ་རིས་དགྲ་བཅོམ་པ་ཚུལ་ཁྲིམས་བྱང་ཆུབ། ཞུ་ལྷན་པ་ཤེས་རབ་གྲགས། ར་ས་ཆུ་ལྷས་པ་དར་མ་རྒྱལ་མཚན། གྲོ་མོ་ཆེ་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ་བསོད་ནམས་མགོན། བུ་སྟོན་ལོ་ཙཱ་བ། ཐུགས་སྲས་སེམས་དཔའ་ཆེན་པོ། ཆོས་རྒྱལ་ནམ་མཁའི་མཚན་ཅན། བླ་མ་རིན་ཆེན་དོན་གྲུབ་ལེགས་པ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། ཞ་ལུ་པ་རིན་ཆེན་བཀྲ་ཤིས། གནུབས་སྒོམ་སྦས་པའི་རྣལ་འབྱོར། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཞ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོ། རྩ་བའི་བླ་མ་ཆེན་པོ་རིན་ཆེན་བཟང་པོ། དེས་བདག་ཕྲིན་ལས་པ་ལའོ། ༈ །རིགས་ཀྱི་ཡུམ་ལས་བསྲུང་བ་ལྔའི་དཀྱིལ་འཁོར་དུ་ཐུགས་སྲས་རིན་ཆེན་རྣམ་རྒྱལ་བས་མཛད་པའི་དཀྱིལ་ཆོག་ལ་ལྷན་ཐབས་བཅོ་བརྒྱད་འཇམ་དབྱངས་ཆོས་རྗེས་མཛད་པའི་སྟེང་ནས་རིག་གཏད་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་