R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 207
[A:207]
བདག་ངག་མིང་ལའོ། །
དེས་བདག་ཕྲིན་ལས་རྣམ་རྒྱལ་ལ་དགྱེས་བཞིན་དུ་གནང་བའོ། །ཡང་ན་བླ་མ་ལྷོ་པ་ཡན་གོང་བཞིན་ལ། གྲུབ་ཐོབ་ཉི་ཕུག་པ། གྲང་པོ་ལུང་པ་གྲགས་ཚུལ། དཀོན་མཆོག་གྲགས། འཇམ་དཔལ་རྒྱལ་མཚན། མཁན་ཆེན་ཀླུ་སྒྲུབ། བཀའ་བཞི་པ་དཀོན་མཆོག་གཞོན་ནུ། བུ་སྟོན་རིན་པོ་ཆེ་མན་གོང་ལྟར་རོ། །ཡང་ན་ཐུགས་རྗེ་ཆེན་པོ། དགེ་བསྙེན་ཞི་བའི་གོ་ཆ། ཤཱི་ལ་ཨཱ་ཀ་ར། བཻ་རོ་ཙ་ན་རཀྵི་ཏ། པཎྜི་ཏ་དོན་ཡོད་རྡོ་རྗེ་མན་ཆད་གོང་དང་འདྲ། ཡང་ན་ཐུགས་རྗེ་ཆེན་པོ། དྷ་བྱང་ཆུབ་སེམས་དཔའ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉི་ཕུག་པ་མན་གོང་བཞིན་ནོ། ། ༈ བསྟན་པ་ཕྱི་དར་ལ། མ་རྟོགས་པ་དང༌། ལོག་རྟོག་དྲི་མས་ཐུབ་པའི་རིང་ལུགས་སྦགས་པ་བསལ་བའི་ཆེད་དུ་ལྷ་བླ་མ་ཁུ་དབོན་གྱི་ལྷག་བསམ་གྱི་མཐུ་དང་སྦྱོར་བྱུང་གི་བརྩོན་པ་ལ་བརྟེན། མགོན་པོ་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་དཔལ་མར་མེ་མཛད་གདན་དྲངས། གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་ཆེས་ཆེར་འཕེལ་བར་མཛད། ཆོས་ཟབ་པ་ལས་ཀྱང་ཆེས་ཟབ་པ་བཀའ་གདམས་གླེགས་བམ་རིན་པོ་ཆེའི་སྐོར་གསུངས་པ་ལས་ལུང་གི་སྐོར་དང༌། དབང་གཉིས་ལས་དང་པོ་ལུང་ཆ་ཤས་ཙམ་ཐོབ་པ་རྒྱ་གཞུང་གི་སྡེབས་སུ་ཡོད། དེ་ཡང་རྒྱ་ཆེན་སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད། ཉམས་ལེན་བྱིན་བརླབས་ཀྱི་བརྒྱུད་པ་གསུམ་ནི་ཡོངས་གྲགས་ལྟར་ཡིན་ལ། བརྒྱུད་གསུམ་ཆུ་བོ་གཅིག་ཏུ་འདྲེས་པ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དཀྱིལ་ཆོག་ལག་ལེན་གསལ་བྱེད་ངེས་དོན་རྒྱ་མཚོ་རྗེ་ཀུན་དགའ་ལེགས་གྲུབ་ཀྱིས་མཛད་པ་ནས་དབང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ། མངའ་རིས་པ་ཤེས་རབ་རྒྱལ་མཚན། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། ཀ་མ་བ་འབྲོམ་རིན་ཆེན་རྒྱལ་