R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 214
[A:214]ལྡན་སེང་གེ་ནས་སྔར་ལྟར་རོ། ༈ བཅོམ་ལྡན་འདས་རྟ་མགྲིན་ཡང་གསང་བཀའ་མ་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། མུ་སྲད་པ་རྡོ་རྗེ་རྒྱལ་མཚན་གྱི་དཀྱིལ་ཆོག་བདེ་ཆེན་མྱུ་གུའི་སྟེང་ནས་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། དཔལ་ལྡན་གྲུབ་ཐོབ་འདར་ཕྱར། ཆོས་རྒྱལ་བོ་དོང་རིན་ཆེན། ཉན་ཆེན་བསོད་ནམས་བརྟན་པ། འགྲོ་མགོན་ཆོས་རྒྱལ་ཆེན་པོ། ཀུན་མཁྱེན་དཔལ་ལྡན་སེང་གེ །ཆོས་རྗེ་རིན་ཆེན་བཀྲ་ཤིས། ཆོས་རྗེ་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། འདྲེན་མཆོག་
མུ་སྲད་པ་
རྡོ་རྗེ་རྒྱལ་མཚན། མཉམ་མེད་དཀོན་མཆོག་དཔལ་བཟང༌། འཇམ་དབྱངས་ཆོས་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། མཁས་གྲུབ་བློ་གྲོས་མཆོག་ལྡན། རྡོ་རྗེ་འཆང་དངོས་
སྒྱི་ཆུ་ཤ་ལུང་ནས་
བྱམས་པ་བསོད་ནམས་ཕུན་ཚོགས། དེས་བདག་གོ ༈ །ཚེ་དབང་མདའ་འཕེལ་མ་ལྷ་བཅུ་བདུན་གྱི་རྡུལ་ཚོན་དཀྱིལ་འཁོར་དུ་སློབ་དཔོན་ཆེན་པོ་པདྨའི་གསུང་རབ་ལ་ཕྱག་ལེན་གྱི་མཆན་བུ་ཡོད་པའི་སྟེང་ནས་དབང་ཐོབ་པའི་བརྒྱུད་པ་ནི། མི་འགྱུར་བདེ་བ་ཆེན་པོའི་གཞལ་ཡས་ནས། །མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །མི་ཤིགས་ཐིག་ལེ་ཆེན་པོ་ཚེ་ཡི་མཆོག །རྟག་བརྟན་གཡུང་དྲུང་དངོས་གྲུབ་སྩལ་དུ་གསོལ། །སྐྱེ་འཆི་གཉིས་སྤངས་མཆོག་གི་དངོས་གྲུབ་བརྙེས། །སློབ་དཔོན་པདྨའི་ཞབས་ལ་གསོལ་བ་འདེབས། །མི་ཤིགས༴ རྟག་བརྟན༴ མཁའ་འགྲོས་དངོས་སུ་བྱིན་བརླབས་བདེ་སྟོང་ངང༌། །རས་ཆེན་དཔལ་འབྱོར་བཟང་པོ་ལ༴ མི་ཤིགས༴ རྟག་བརྟན༴ སྲིད་ཞིའི་རྒུད་པ་དྲུངས་ནས་འབྱིན་མཛད་པའི། །རྣམ་མགོན་དྲི་མེད་སྡེ་ལ༴ མི་ཤིགས༴ རྟག་བརྟན༴ སྙན་བརྒྱུད་གདམས་པས་ཚོགས་གཉིས་ཡོངས་སུ་རྫོགས། །འཇམ་དབྱངས་བྱང་ཆུབ་དབང་རྒྱལ་ལ༴ མི་ཤིགས༴ རྟག་བརྟན༴