R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 222
[A:222]རྒྱལ་མཚན། བཀའ་བཅུ་བ་གཞོན་ནུ་སེང་གེ །མཁས་བཙུན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བདེ་གཤེགས་དཔལ། བླ་མ་དཔལ་ལྡན་དོན་གྲུབ། ས་བཟང་འཕགས་པ། དཀོན་མཆོག་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ། མང་ཐོས་གླིང་པ་ཡོན་ཏན་རྒྱ་མཚོབླ་མ་ཨུརྒྱན་རྒྱལ་པོརྗེ་བཙུན་དབང་ཕྱུག་རྒྱལ་མཚན། རྒྱལ་བའི་གདུང་འཚོབ་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་ཕྲིན་ལས་རྣམ་རྒྱལ་ལའོ། །ཡང༌། ས་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བླ་མ་བསོད་ནམས་སྐྱབས། གཟུངས་ཀྱི་དཔལ། དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་ཀུན་དགའ་བཟང་པོ། བླ་མ་དཀོན་མཆོག་རྒྱལ་མཚན་མན་འདྲའོ། ༈ །ཡང༌། མུས་ཆེན་སངས་རྒྱས་རྒྱལ་མཚན་གྱི་ཡིག་ཆ་ནས་
ལུང་གསུམ་གྱིས་འཆིང་བའི་ལུགས་
ལྷ་སྔགས་གཅིག་པ་རྣམས་གཅིག་ཏུ་བསྡོམས་ནས་རྗེས་གནང་བདུན་ཅུ་དོན་བརྒྱད། ས་ཆེན་ཨ་མེས་ཀུན་དགའ་བསོད་ནམས་ལ་ཞུས་ཤིང་བསྐུར་ཆོག་དེའི་ལུང་དབུ་ཚུགས་ཙམ་ཐོབ་བོ།། ༈ །།སྒྲུབ་ཐབས་རྒྱ་མཚོ་ཞེས་བྱ་བ། འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ནས་སྒྲུབ་ཐབས་རེ་མཛད་པ། སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔྟས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྒྲུབ་ཐབས་ཀུན་ལས་བཏུས་ཞེས་ཀྱང་བྱ་བ། ཀཱིརྟི་པཎ་ཆེན་དང༌། ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་འདི་ལ་ཡིག་སྣ་ཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག །སྒྲུབ་ཐབས་ཉིས་བརྒྱ་དང་བཞི་བཅུ་རྩ་གསུམ་ནི། དམ་ཚིག་གསུམ་
དམ་ཚིག་གསུམ་བཀོད་ཀྱི་རྒྱུད་དང༌། པཎྜི་ཏ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཀྱི་གཞུང་ན་ལྷ་མི་གསལ་ཡང༌། འཇམ་དཔལ་རྩ་རྒྱུད་ནས་ཁ་བསྐང་བའི་ལུགས་སོ་
བཀོད། ཡང་གཅིག །ཨེ་ཝཾ་ཆོས་ལྡན་པའི་རྗེས་འཇུག་ཕལ་ཆེར། དམ་ཚིག་གསུམ་བཀོད་ལ་རྗེས་གནང་མི་མཛད་ཀྱང༌། འདིའི་ལུགས་ལ་ཡོད་དོ།། རྡོ་རྗེ་གདན། ཡང་གཅིག །ཡང་གསུམ་པ། ཡི་གེ་དྲུག་པ། ཡང་གཅིག །འཇིག་རྟེན་