R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 225
[A:225] ཛམྦྷ་ལ། ཡང་གཅིག །སཾ་ཀྵིཔྟ། མདོར་བསྡུས་པ། ཤྲཱི་ཛམྦྷ་ལ། ཛམྦྷ་ལ། ཧ་ཡ་གྲྀ་བ། རྟོག་བདུན་ལས་བྱུང་བ། སརྦ་ཏནྟྲ། ཏྲཻ་ལོ་ཀ །བཛྲ་ཛྭ་ལ། བཱ་ར་མོ། རཀྟ་ཡ་མཱ་རི། ཀྲིཥྞ་ཡ་མཱ་རི། ཡང་གཅིག །ཡ་མཱནྟ་ཀ །ཡང་གཅིག །བིགྷྣནྟ་ཀ །བཛྲ་ཧཱུྃ་ཀཱ་ར། མཧཱ་བ་ལ། ཧེ་རུ་ཀ །ཧེ་བཛྲ་རཱི་བྷཱུ་ཛ། ནཻ་རཱཏྨ། ཡང་གཅིག །བྷཱུ་ཏ་ཌ་མ། ཡང་གཅིག །ཤྲཱི་མཧཱ་ཀཱ་ལ༑ མཧཱ་ཀཱ་ལ་ཏེ་
རྗེས་གནང་ཉིས་བརྒྱ་དང་ཞེ་བཞི།
དེ་རྣམས་ཀྱི་བསྐུར་ཆོག་ཐམས་ཅད་མཁྱེན་པའི་བརྒྱ་རྩ་བཞིན་དང༌། མངོན་རྟོགས་མཁན་ཆེན་ཤེས་རབ་རྡོ་རྗེས་མཛད་ཁུལ་གྱི་སྟེང་ནས་རྗེས་གནང་རེ་རེ་བཞིན་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀཱ་ར། ཤུ་བྷ་ཀཱ་ར་གུཔྟ། པུ་ཙ་ཏི་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། པཎྜི་ཏ་ཀཱིརྟི་ཙནྡྲ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རོང་པ་ཤེས་རབ་སེང་གེ །དེ་གཉིས་ཀ་ལ་བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བླ་མ་གྲགས་སྟོན་པ་དཔལ་འབྱོར་རྒྱལ་མཚན། བོ་དོང་ཆོས་རྒྱལ་བ། པཎ་ཆེན་འབུམ་ཕྲག་གསུམ་པབླ་མ་ཡོན་ཏན་རྒྱ་མཚོསྔགས་འཆང་ཚེ་དབང་བཀྲ་ཤིསརྗེ་བཙུན་ཚེ་དབང་ཀུན་མཁྱེནའཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་པ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། ༈ །ཡང༌། མུས་ཆེན་ནམ་མཁའ་དཔལ་བཟང་གི་བསྐུར་ཆོག་རིན་ཆེན་སྒྲོན་མའི་སྟེང་ནས་རིགས་མཐུན་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་རྗེས་གནང་བརྒྱ་དང་བཞི་བཅུ་རྩ་དགུའི་རྗེས་གནང་དང་བསྐུར་ཆོག་གི་ལུང་རེ་རེ་ཐོབ་པའི་རྗེས་གནང་ནི། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ། ཐུབ་པ་རྡོ་རྗེ་གདན་གྱི་སྒྲུབ་ཐབས་གསུམ་ལ་གཅིག །འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས་གཉིས་ལ་གཅིག །འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ། ཟ་མ་ཏོག་བཀོད་པའི་མདོ་ནས་བཤད་པའི་ཡི་གེ་དྲུག་པ། འཇིག་རྟེན་མགོན་པོ་པདྨ་ཁ་འབྱེད། ཡི་གེ་དྲུག་པ་