R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 229
[A:229]རྒྱུད་ནས་གསུངས་པའི་ཀུ་རུ་ཀུལླེ་དཀར་པོ་ཕྱག་དྲུག་མ། གཙུག་ཏོར་རྣམ་རྒྱལ་ཕྱག་བརྒྱད་མ། ངན་འགྲོ་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་གཉིས་ལ་གཅིག །བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན། རྡོ་རྗེ་ཙརྩི་ཀ །རྣམ་སྣང་སྒྱུ་འཕྲུལ་དྲ་བ་ནས་སྲུང་བ་ལྔའི་གཙོ་རྐྱང་རྣམས་ལས་སོ་འབྲང་གི་སྒྲུབ་ཐབས་གསུམ་ལ་གཅིག །རྨ་བྱ་ཆེན་མོ། སྟོང་ཆེན་རབ་འཇོམས། གསང་སྔགས་རྗེས་འཛིན། བསིལ་བའི་ཚལ། གཟུངས་གྲྭ་ལྔའི་སྒྲུབ་ཐབས་གཉིས་ལ་གཅིག །ཕྱིར་བཟློག་མ་ཆེན་མོ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞལ་བཞི་ཕྱག་བཞི་མ། གཞན་གྱིས་མི་ཐུབ་མ། རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས་གཉིས་ལ་གཅིག །
བསྲུང་བ་ལྔའི་ཆོ་ག་ལ་རྗེས་གནང་གཅིག་ཟེར།
རྡོ་རྗེ་ལྕགས་སྒྲོག་ཕྱག་དྲུག་པ། རྡོ་རྗེ་ལྕགས་སྒྲོག་ཕྱག་བརྒྱད་མའི་སྒྲུབ་ཐབས་གཉིས་ལ་གཅིག །ནོར་རྒྱུན་མ་ལྷ་ལྔ། རྡོ་རྗེ་གུར་ནས་གསུངས་པའི་ནོར་རྒྱུན་མའི་སྒྲུབ་ཐབས་གཉིས་ལ་གཅིག །རྡོ་རྗེ་ཕག་མོ་ལྷ་ལྔ། ཕག་དཀར་ཤེས་རབ་གསལ་བྱེད། རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་གྲུབ་པ་ལྷ་ལྔ། རྣམ་སྣང་སྒྱུ་འཕྲུལ་དྲ་བ་ནས་གསུངས་པ་སློབ་དཔོན་ཐོགས་མེད་ཀྱི་ཞལ་གཟིགས་བྱམས་པ་མགོན་པོའི་སྒྲུབ་ཐབས་གཉིས་ལ་གཅིག །ཛམྦྷ་ལ་ནག་པོ། ཛམྦྷ་ལ་སེར་པོ་ལྷ་དགུ། གང་བ་བཟང་པོའི་རྒྱུད་ནས་ཛམྦྷ་ལ་འཁོར་བཅས་ཀྱི་སྒྲུབ་ཐབས་རྒྱས་པ་གཉིས་ལ་གཅིག །ཛམྦྷ་ལ་ཕྱག་དྲུག་པ། རྡོ་རྗེ་གུར་ནས་གསུངས་པའི་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་གཉིས་ལ་གཅིག །རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་བརྒྱད་པ། རྟོག་པ་བདུན་པ་ནས་རྟ་མགྲིན་ཞལ་གཉིས་ཕྱག་གཉིས། རྟ་མགྲིན་གཙོ་འཁོར་ལྔ་པ། རྟ་མགྲིན་དམར་པོ་ཞལ་བཞི་ཕྱག་བརྒྱད་པ། ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞལ་བཞི་ཕྱག་བརྒྱད་པ། རྡོ་རྗེ་མེ་ཉི་འབར་བ་ཞལ་བཞི་ཕྱག་བརྒྱད་པ། གཤེད་དམར་ཡབ་ཡུམ། གཤིན་རྗེ་མཐར་