R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 234
[A:234]ཀྱི་གན་མཛོད་རིན་ཆེན་རྒྱ་མཚོས་ཞུས། དེ་གཉིས་ཀར་སྒྲུབ་ཐབས་ཀྱི་ལུང་དང་བཅས་བདག་གིས་ཐོབ་བོ། ༈ །རྣམ་དག་གཙུག་ནོར་ནང་ནས། བཅུ་དགུ་པ་སྡུག་བསྔལ་སྲེག་བྱེད་ཀྱི་རྗེས་གནང་ཐོབ་པའི་
མན་ངག་དངོས་ཀྱི་ལུང་ཐོབ་པའི་བརྒྱུད་པ་བུ་སྟོན་བཀའ་འབུམ་ནའོ་
བརྒྱུད་པ་ནི། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཉི་མ་སྦས་པ། ཙནྡྲ་གརྦྷ། ཛེ་ཏཱ་རི༑ ངག་དབང་གྲགས་པ། ཏ་ཐཱ་ག་ཏ་རཀྵི་ཏ། མཉྫུ་ཤྲཱི། མལ་ལོ་ཙཱ་བ། རྗེ་བཙུན་དཀར་པོ་རྣམ་གསུམ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། འཇམ་དབྱངས་གསར་མ༑ ཀུན་མཁྱེན་ཆོས་སྐུ། འཕགས་འོད་པ། བུ་སྟོན་རིན་པོ་ཆེ། སློབ་དཔོན་དོན་གྲུབ་རྒྱལ་མགོན། བླ་མ་བཀྲས་རིན་པ། ངོར་ཆེན། རིན་ཆེན་བཀྲ་ཤིས། པཎ་ཆེན་རིན་པོ་ཆེ། རྒྱལ་ཚབ་ཀུན་དགའ་རྒྱལ་མཚན། རྗེ་སང་འོད་པ། རྗེ་བཙུན་གྲོལ་མཆོག །རྗེ་ལྷ་དབང་གྲགས་པ། ཀུན་དགའ་སྙིང་པོ། མཁན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཛིན་པ་རིན་ཆེན་རྒྱ་མཚོ། དེ་བདག་ལའོ། ༈ །འཕགས་ཡུལ་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་བརླབས་སམ་རྗེས་གནང་གི་ཡིག་ཆ་དཔལ་ས་སྐྱ་པ་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱིས་མཛད་པ། གྲུབ་ཆེན་ནི། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པ། ད་རི་ཀ་པ། ཌེཾ་ཀི་པ། ལི་ལཱ་པ། གྲུབ་ཆེན་བིརྺ་པ། ཌོཾ་བྷི་པ། ཤ་བ་རི་པ། ས་ར་ཧ། ཀོ་ཀ་ལི་པ༑ མི་ན་པ། གོ་རཀྵ་པ། ཙ་འུ་ར་ཁ། བི་ན་པ། རཏྣ་ཨཱ་ཀ་ར་ཤཱནྟི་པ། ཏོག་ཙེ་པ། ཏནྟྲི་པ༑ ཙ་མ་རི་པ། ཁདྒ་པ། ནཱ་གར་ཛུ་
ཀླུ་སྒྲུབ་
ན། ནག་པོ་པ། ཨཱརྱ་དེ་བ། ཐ་ག་ན། ཏི་ལོ་པ༑ ནཱ་རོ་པ། ཤ་ལི་པ། ཙ་ཏ་པ། བྷ་ཏ་པ། དྷེ་ཁན་དྷི་པ། ཨ་ཛུ་ཀི །ས་ཀ་ལ། ཌོམྦྷི་པ། མེ་ཀོ་པ། ཀ་མ་རི་པ། ཛ་ལེནྡྷ་ར། རཱ་ཧུ་ལ། དྷརྨ་པ། དྷོ་ཀ་རི་པ། མེ་དྷ་ནི། སངྒ་ཛ་ལ། དྲིལ་བུ་པ། ཨ་ཡོ་གི །ཙ་ལོ་ཀི །གྷཱུ་དྷཱུ་རི་པ། ལོ་ཙི་ཀ །ཀཾ་ཀ་ར། ཀ་པཱ་ལི། བྷ་དེ་པ། ཏནྟེ་པ། ཀུ་ཀུ་རི་པ། ཀུ་ཛྙ་ལི། དྷ་མ་པ། མ་དྷི་ལ། ཨ་ཙནྟི། བྷ་ལ་ཧ། ན་ལ་པ། བྷུ་སུ་