R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 261
[A:261]ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ཕྲིན་ལས་རྣམ་རྒྱལ་ལའོ། །ཡང་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །ཡང་ན་མཁྱེན་བརྩེའི་དབང་ཕྱུག་ལ༑ མཁན་ཆེན་བསླབ་གསུམ་རྒྱལ་མཚན། སྔགས་འཆང་བསོད་ནམས་འཕེལ། ཞ་ལུ་བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་གསུམ་གྱིས་གསན། ཚར་ཆེན་སོགས་ཡབ་སྲས་ལྔ་ཀ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསན་པ་མན་འདྲ། ཡང་ན་ཚར་ཆེན་ནས། གཉན་སྟོན་སྤྲུལ་པའི་ཟློས་གར་མཁན་ཆེན་གཞོན་ནུ་བློ་གྲོས། རྗེ་དབང་རབ་མན་འདྲ། ཡང་ན་ཚར་ཆེན་ནས། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། སྐྱེད་ཚལ་མཁན་ཆེན་ཐར་པ་བཟང་པོ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་རྡོ་རྗེ་འཆང་དབང་རབ་ནས། ཞ་ལུ་པ་དགེ་འདུན་དཔལ་བཟང༌། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །ཡང་ན་འབའ་ར་བ་ནས། རྗེ་སངས་རྒྱས་སེང་གེ །འཇམ་དབྱངས་ཆོས་ཀྱི་རྒྱལ་པོ། ཤངས་དཀར་བ་རིན་ཆེན་རྒྱལ་མཚན། ཕ་རྒོད་བསོད་ནམས་བཟང་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ་མན་འདྲ། ཡང་ན་འབའ་ར་བ་ནས། ཆོས་རྗེ་བདེ་ལེགས་
ལྷ་དོ་རྟོགས་ལྡན་ཡང་ཟེར་
རིན་ཆེན། གནས་རྙིང་པ་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་གངས་ཁྲོད་པ་ཀུན་དགའ་དཔལ་བཟང༌། ཆོས་རྗེ་རིན་ཆེན་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ་མན་འདྲ། ཡང་ན་རྡོ་རིངས་རིན་པོ་ཆེ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཡབ་སྲས་གཉིས་ཀ་ལ་འཇམ་དབྱངས་མཁྱེན་བརྩེས་གསན་པ་མན་གོང་ལྟར་རོ། །ཡང་ན་སྒོ་རུམ་པ་ནས།