R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 105
[A:105]ཐོག་པ་བསོད་ནམས་བཟང་པོ་མན་གོང་ལྟར་རོ། །ཡང༌། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་ལ་འབྲི་ཁུང་མཁན་ཆེན། མཁས་གྲུབ་རིགས་པའི་གློག་ཕྲེང༌། ཆོས་རྗེ་ལྕང་ལོ་ཅན་པ་གསུམ་གྱིས་གསན། དེ་གསུམ་ག་ལ་འཇམ་དབྱངས་བྱང་ཆུབ་དབང་རྒྱལ་ལོ། །ཡང༌། འཇམ་
འདི་སྒྱི་ཆུ་བ་དང་ཆུ་བོ་ཉིས་བསྲེས་འོག་ནའོ་
དབྱངས་ཆོས་དཔལ་འབྱོར། འཇམ་དབྱངས་བྱང་ཆུབ་དབང་རྒྱལ་ལོ། ། ཡང༌། ཉན་ཆེན་པ། ཆོས་རྗེ་སྤང་ཁང་པ། མཁན་ཆེན་ལྷ་དབང་པ། བླ་མ་དཔལ་ལྡན་བསོད་ནམས། བཟད་པ་རིན་རྒྱལ་ལོ།། ཡང༌། འཕགས་པ། པཎྜི་ཏ། རྡོ་རྗེ་ཤེས་རབ། བླ་མ་འཕགས་པ་རྒྱལ་མཚན། བླ་མ་རིན་ཆེན་དཔལ་བཟང་པོ། ཆོས་རྗེ་བླ་མའོ། །ཡང༌། བྲག་ཕུག་པ། ཆོས་རྗེ་ཡེ་ཤེས་དཔལ། ཆོས་རྗེ་བློ་གྲོས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པའོ། ། ཡང་ཉན་ཆེན་པ། ཆོས་རྗེ་བླ་མའོ། །ཡང༌། ཆོས་རྗེ་བླ་མ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པའོ། ། ཡང༌། འཕགས་པ། རིན་པོ་ཆེ་སྐྱོབ་པ་དཔལ། བླ་མ་འོད་ལྡན་པ། བླ་མ་མཉམ་མེད་པ། བླ་མ་སངས་རྒྱས་འབུམ། བླ་མ་བསོད་ནམས་དོན་གྲུབ། རྡོ་རྗེ་འཛིན་པ་དཔལ་ལྡན་བློ་གྲོས། བྲག་ཐོག་པའོ། །ཡང༌། ཆོས་རྗེ་བླ་མ། མཁན་ཆེན་དཀོན་མཆོག་བཀྲ་ཤིས། བྲག་ཐོག་པའོ། །ཡང༌། འཕགས་པ་རིན་པོ་ཆེ། ཞང་དཀོན་དཔལ། བྲག་ཕུག་པའོ། །ཡང༌། ཉན་ཆེན་པ། ཀུན་སྤངས་ཆོས་གྲགས་དཔལ། ས་བཟང་པཎ་ཆེན་ནོ། ། ཡང༌། ཐེག་ཆེན་ནས་བྲག་ཐོག་པ་ལའང་འདྲེན་རིགས་ཏེ༑ བྲག་ཐོག་གསན་ཡིག་ལས། ཐེག་ཆེན་པའི་སྐབས་སུ། ཁྲིད་ཡོངས་སུ་རྫོགས་པ། ཀྱེ་རྡོར་ཡབ་ཡུམ་གྱི་བཀའ་བྱིན་བརླབས། ལམ་ཟབ་བླ་མ་དང༌། རྣལ་འབྱོར་དབང་ཕྱུག་གི་བྱིན་བརླབས། ཞེས་སོགས། ལམ་འབྲས་ལམ་སྐོར་སོགས། ལུང་གསན་ཚུལ་དང་བཅས་གསུངས་པས། ཕྱི་དཀྱིལ། ལུས་དཀྱིལ་དབང་སོགས་ཀྱང་གསན་པར་ངེས་ཤིང༌།