R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 273
[A:273]རིན་ཆེན་གྲགས། རྒྱ་དམར་བ་བྱང་ཆུབ་གྲགས། ཕྱྭ་པ་ཆོས་ཀྱི་སེང་གེ །གཙང་ནག་པ་ཐུགས་
བརྩོན་འགྲུས་སེང་གེ་
རྗེ་སེང་གེ །དན་འབག་པ་དར་མ་སེང་གེ །གཉལ་ཞིག་འཇམ་དཔལ་རྡོ་རྗེ། གཟད་རིང་ནམ་མཁའ་དཔལ། བྲག་སྟེང་པ་བསོད་ནམས་རྒྱལ་བ། ཡང་རྩེ་བ་རིན་ཆེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། རྗེ་བཀྲ་ཤིས་རིན་ཆེན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལེགས་འབྱུང༌། ས་ལོ་ཐམས་ཅད་མཁྱེན་
ཀུན་དགའ་བསོད་ནམས་
པ། རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་ཆེན་པོ་འཇམ་མགོན་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེ་ལ་ལན་གཉིས་ཐོབ། ཡང་ན། གཉལ་ཞིག་འཇམ་དཔལ་རྡོ་རྗེ། ཟད་པ་དར་ཚུལ། དགེ་བཤེས་གྲ་ཐང་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡང་རྩེ་བ་རིན་ཆེན་སེང་གེ་ནས་ས་ལོ་ཐམས་ཅད་མཁྱེན་པ་གོང་བཞིན་ལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ །རྗེ་བློ་གྲོས་ཆོས་འཕགས། ཀུན་དགའ་ལུང་རིགས། རྗེ་སྦྱིན་པ་གྲགས་པ། ས་ཆེན་ཀུན་དགའ་བསོད་ནམས་ལ་ཡང་ཞུས་སོ། །གང་བློ་མའི་ལུང་གི་བརྒྱུད་པ་ནི། སྒོ་རུམ་པ་ནས། ཚར་ཆེན། རྗེ་མཁྱེན་རྩེ། རྗེ་དབང་རབ། བཀའ་འགྱུར་བ། ཉི་གླིང་རྗེ་ཚུལ་ཁྲིམས་ཞབས། དེས་བདག་གོ །སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་བཞེད་སྲོལ་འཇམ་དཔལ་དཀར་པོ་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་བཞིའི་ནང་ཚན་གྱི་ཡ་གྱལ་དུ་བརྩི་བའི་རྗེས་གནང༌། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཕྱག་ལེན་ལྟར་ཁྲོ་ཕུ་ལོ་ཙཱ་སྣུབས་བྱམས་པའི་དཔལ་གྱི་ཡིག་ཆ་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། པཎྜི་ཏ་མ་ཏི། སློབ་དཔོན་