R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 276
[A:276]པ་བུ་སྟོན་རིན་པོ་ཆེ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། གྲུབ་ཆེན་དཔལ་བཟང་བ། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཚམས་འདིར་བླ་མ་གཉིས་ཙམ་ཞིག་མ་རྙེད། དེ་ནས་སྐུ་ཞང་བཀྲ་ཤིས་རྒྱལ་མཚན། ལྷ་བོ་བླ་མ་རིན་ཆེན་རྒྱ་མཚོ། རྡོ་རྗེ་འཆང་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་འཇམ་དབྱངས། རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ་བ། བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། བྲག་ཁ་བ་གྲགས་པ་སེང་གེ །བླ་མ་མང་མཁར་བ། བླ་མ་བྱང་སེང་བ། ཆོས་རྗེ་ཀུན་དགའ་བཀྲ་ཤིས། གནས་རྙིང་འཇམ་དབྱངས་རིན་ཆེན་རྒྱལ་མཚན། གནས་རྙིང་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་པ། ཕ་བོང་ཁ་པ་བདེ་ལེགས་ཉི་མ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ངག་དབང་བློ་བཟང་རྒྱ་མཚོ། དེས་བདག་གོ །ཡང་ན་ཁ་ཆེ་པཎ་ཆེན་ནས། པཎྜི་ཏ་དཱ་ན་ཤཱི་ལ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ །མཁན་ཆེན་བདེ་བ་དཔལ་མན་འདྲ། ༈ པཎྜི་ཏ་གསེར་གདུགས་ཅན་གྱི་བཞེད་སྲོལ་རྗེ་བཙུན་འཇམ་དབྱངས་དཀར་པོ་ཤེས་རབ་འཁོར་ལོའི་རྗེས་གནང་གོང་མའི་ཕྱག་ལེན་བཞིན་དང༌། ཁྲོ་ཕུ་ལོ་ཙཱ་བས་མཛད་པའི་སྒྲུབ་ཐབས་གསལ་བྱེད་མེ་ལོང་གི་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས། པཎྜི་ཏ་གསེར་
མཚན་ཟླ་བའི་འབྱུང་གནས་སྦས་པ་
གདུགས་ཅན། རཱ་ཧཱུ་ལ་ཤྲཱི། བི་མཱ་ལ་ཤྲཱི༑ བིཀྵ་ཏ་དེ་ཝ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ། ཆོས་རྗེ་བསོད་ནམས་དབང་ཕྱུག །ཁྲོ་ཕུ་རིན་ཆེན་དབང་ཕྱུག །མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། ཀུན་སྤངས་ཆོས་གྲགས་དཔལ་བཟང༌། ཁྲོ་ཕུ་རིན་ཆེན་འབུམ།